འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།《2016ལོའི་ཀྲུང་གོའི་དབུལ་སྐྱོར་གསར་སྤེལ་གྱི་སྙན་ཞུ》ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་30ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་27ཉིན། ཚེས་27ཉིན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་མཉམ་དུ་རྩོམ་སྒྲིག་པར་སྐྲུན་བྱས་པའི་《2016ལོའི་ཀྲུང་གོའི་དབུལ་སྐྱོར་གསར་སྤེལ་གྱི་སྙན་ཞུ་》(གཤམ་དུ་《སྙན་ཞུ་》ཞེས་བསྡུ་རྒྱུ་)ཁྱབ་བསྒྲགས་བྱས་པ་རེད།
         《སྙན་ཞུའི་》ནང་། 1978ལོའི་ཚུན་དུ་དབུལ་པོ་ཉུང་གཏོང་དང་ཡུལ་མིའི་འཚོ་བའི་སྤུས་ཚད་ལེགས་གཏོང་ཐད་རང་རྒྱལ་ལ་ཡར་རྒྱས་ཆེན་པོ་བྱུང་ནས་མིའི་རིགས་ཀྱི་བདེ་རྩ་ལེགས་གཏོང་དང་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་གི་ཡར་ཐོན་ལ་གཡུར་ཟའི་ལེགས་སྐྱེས་ཕུལ་ཡོད། ལོར་ཞིང་པ་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་2300(2010ལོར་རིན་འབེབས་འཚོང་སྒྱུར་བྱས་མེད་པ)ཡི་དབུལ་སྐྱོར་ཚད་གཞི་གཞིར་བཟུང་། རང་རྒྱལ་གྱི་གྲོང་གསེབ་ཏུ་དབུལ་པོར་འགྱུར་ཚད་1978ལོའི་97.5%ནས་2015ལོའི་5.7%བར་ཆག་པ་དང་། 2011ལོའི་ཉོ་ཤུགས་ཀྱི་གཞུང་བཅད་རིན་གོང་ཉིན་གཅིག་ལ་ཨ་སྒོར་1.9ཡི་དབུལ་པོའི་ཚད་གཞི་གཞིར་བཟུང་། 1981ལོ་ནས་2012ལོའི་བར་རང་རྒྱལ་གྱི་མི་འབོར་དབུལ་པོ་དུང་ཕྱུར་7.9ཉུང་དུ་ཕྱིན་པ་དེས་དུས་མཚུངས་ཀྱི་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་བསྡོམས་གྲངས་ཀྱི་71.82%བཟུང་ཞིང་། 1990ལོ་ནས་2014ལོའི་བར་གོ་ལ་ཧྲིལ་པོའི་མིའི་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་མཐོར་གཏོང་ཐད་ཀྲུང་གོས་ལེགས་སྐྱེས་ཕུལ་ཚད་18.3%ཟིན་ཡོད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།