འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མིའི་རིགས་རིག་པ་རྟོག་ཞིབ་རུ་ཁག་དང་པོ་ཨ་ཧྥེ་རི་ཁ་ཤར་མའི་རོང་ཆེན་གྱི་ལྟེ་
    བའི་ཁུལ་དུ་རྟོག་ཞིབ་བྱེད་པར་བསྐྱོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་28ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་འགྲོ་བ་མིའི་རིགས་རིག་པ་མཁས་ཅན་དང་། སྐད་ཡིག་རིག་པ་མཁས་ཅན། མྱུལ་དཔྱད་མཁས་ཅན། པར་རྒྱག་མཁས་ཅན་བཅས་མི་10ལས་གྲུབ་པའི་རྟོག་ཞིབ་རུ་ཁག་གིས་ཉེ་ཆར་ཨ་ཧྥེ་རི་ཁའི་ཨེ་ཙེ་ཨོ་ཕི་ཡ་དང་། ཁེན་ནི་ཡ། ལྷོ་སུའུ་ཏན་བཅས་ཀྱི་སྦྲེལ་མཚམས་རྒྱུད་ཀྱི་ཨའོ་མོ་ལུང་ཤུར་ས་ཁུལ་དུ་དུས་ཡུན་ཉིན་20ཡི་ཡུལ་དངོས་སུ་བརྟག་དཔྱད་བྱེད་སྒོ་སྤེལ་རྒྱུ་མ་ཟད། ཨ་ཧྥེ་རི་ཁ་ཤར་མའི་རོང་ཆེ་མོར་གནས་པའི་ཚོ་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཀྲུང་གོ་བའི་པར་གཞི་དང་པོ་དེ་ལེགས་སྒྲུབ་བྱ་རྒྱུ་རེད། དེ་ཡང་ཀྲུང་གོའི་སྤྱི་ཚོགས་རིག་པ་བས་ཨ་ཧྥེ་རི་ཁ་ཤར་མའི་རོང་ཆེ་མོའི་ས་ཁུལ་གྱི་ལྟེ་བའི་ཁུལ་དུ་བསྐྱོད་ནས་བརྟག་དཔྱད་བྱེད་ཐེངས་དང་པོ་དེ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། རྟོག་ཞིབ་རུ་ཁག་2016ལོའི་ཟླ་12ཚེས་28ཉིན་རྡོག་ཐོན་བྱ་རྩིས་ཡོད་པ་དང་རོང་ཆེ་མོའི་ལྟེ་བའི་ཁུལ་གྱི་ཨེ་ཙེ་ཨོ་ཕི་ཡའི་ལྷོ་རྒྱུད་ཀྱི་ཨའོ་མོ་ལུང་ཤུར་དུ་བསྐྱོད་དེ་ཨ་ཧྥེ་རི་ཁའི་གདོད་མའི་ཚོ་པར་རྩད་འཚོལ་རྟོག་ཞིབ་བྱ་རྒྱུ་དང་སྔོན་དཔག་བྱས་ན་ལམ་ཐག་སྤྱི་ལེ་1000ལྷག་ཙམ་བསྐྱོད་རྒྱུ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།