འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི་13ལྷག་ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་28ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་26ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་ཐོག་ནས་གསར་འགོད་པས་ཤེས་རྟོགས་བྱུང་གསལ་དུ། 2016ལོར་རང་རྒྱལ་གྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆར་ཤུགས་སྣོན་བརྒྱབ་སྟབས་མྱུར་བགྲོད་གཞུང་ལམ་སྤྱི་ལེ་6000ལྷག་གསར་འཕར་བྱུང་ནས་ལམ་ཚད་བསྡོམས་འབོར་སྤྱི་ལེ་ཁྲི་13ལྷག་ཟིན་ཞིང་། རིམ་པ་གཉིས་པ་དང་དེ་ཡན་གྱི་སྤྱི་ལེ་ཁྲི་1.5གསར་འཕར་བྱུང་བ་དང་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་29ལྷག་བསྐྱར་སྐྲུན་བྱས་པ་རེད།
           དེ་དང་ཆབས་ཅིག་2016ལོར་རང་རྒྱལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དབུལ་སྐྱོར་འགག་སྒྲོལ་ལ་གྲུབ་འབྲས་གསར་པ་ཐོབ་ནས་སྒྲིག་གཞི་ཚང་བའི་ཨར་འདམ་ལམ་བཏིང་བའི་གྲོང་ཚོ་ཁྲི་1.3གསར་འཕར་བྱུང་བ་དང་། འགྲུལ་སྐྱེལ་རླངས་འཁོར་ཤར་བགྲོད་ཐུབ་པའི་སྒྲིག་གཞི་ཚང་བའི་གྲོང་ཚོ་5500མང་དུ་ཕྱིན་ནས་སྒྲིག་གཞི་ཚང་བའི་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་བགྲོད་ཐུབ་ཚད་95%ཟིན་པ་དང་། ཟོག་འགྲེམ་ལས་རིགས་ཀྱི་མ་གནས་ཆག་ནས་ཕན་འབྲས་མངོན་གསལ་དོད་དུ་སོང་བ་དང་ལོ་ཧྲིལ་པོར་སྲིད་གཞུང་ལ་བུ་ལོན་ཟུགས་པའི་རིམ་པ་གཉིས་པའི་ལམ་གྲོན་བསྡུ་བའི་ས་ཚིགས་ཞེ་དགུའི་ལམ་ཚད་སྤྱི་ལེ་6119ཡི་རིན་བསྡུ་རྒྱུ་མེད་པར་བཟོས་པ། བརྟན་པོའི་ངང་འཕར་བའི་ནུས་པ་མངོན་གསལ་དོད་དུ་སོང་སྟེ་ཟླ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་དང་། གཞུང་ལམ། ཆུ་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་2.57 བཏང་བ་དེ་དུས་མཚུངས་ལས་7.7%འཕར་བ་བཅས་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། 2017ལོའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལས་ཀའི་དམིགས་ཚད་གཙོ་བོ་ནི། གཞུང་ལམ་དང་ཆུ་ཐོག་སྐྱེལ་འདྲེན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་1.8བཏང་ནས་མྱུར་བགྲོད་གཞུང་ལམ་སྤྱི་ལེ་5000གསར་འཕར་བྱུང་བ་དང་། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་20བསྐྱར་སྐྲུན་བྱས་པ། ས་ཁུལ་དབུལ་པོའི་སྒྲིག་གཞི་ཚང་བའི་གྲོང་ཚོ་7000ལ་ཨར་འདམ་ལམ་གསར་དུ་བཟོས་པ། རྒྱལ་ནང་གི་ཆུ་ཐོག་གི་རིམ་པ་མཐོ་བའི་སྐྱེལ་འདྲེན་ལམ་ཚད་སྤྱི་ལེ་500གསར་འཕར་བྱུང་བ། འགྲུལ་སྐྱེལ་རླངས་འཁོར་ཤར་བགྲོད་ཐུབ་པའི་སྒྲིག་གཞི་ཚང་བའི་གྲོང་ཚོ་4000མང་དུ་སོང་བ་བཅས་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།