འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།《ར་པིར་གྱི་ཉིན་ཐོ་》དང་《ནན་ཅིང་དམར་གསོད་ཆེ་མོའི་ཡིག་ཚགས་》སོགས་
    སང་ལོར་པར་སྐྲུན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་28ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་23ཉིན་རྒྱལ་ཡོངས་ཡིག་ཚགས་ཅུས་ཀྱི་ཅུས་ཀྲང་དང་ཀོན་ཀྲང་གི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་གཞོན་པ་ཁྲེན་ཧྲི་ཅུས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
           རྒྱལ་ཁབ་ཡིག་ཚགས་ཅུས་ཀྱི་ཅུས་ཀྲང་ལི་མིང་ཧྭ་ཡིས་2017ལོའི་རྒྱལ་ཡོངས་ཡིག་ཚགས་ལས་དོན་གྱི་ལས་འགན་གཙོ་བོ་བཀོད་སྒྲིག་གནང་སྐབས། “སང་ལོ་ནི་ཟླ་བཅུ་པའི་གསར་བརྗེ་བྱས་ནས་ལོ་100འཁོར་བ་དང་དམག་དཔུང་བཙུགས་ནས་ལོ་90འཁོར་བའི་ལོ་ཞིག་ཡིན་པས་རིམ་པ་ཁག་གི་ཡིག་ཚགས་སྡེ་ཚན་གྱིས་ཡིག་ཚགས་གསར་སྤེལ་བཀོལ་སྤྱོད་ལས་དོན་དུས་ཐོག་ཏུ་ཡག་པོ་སྒྲུབ་དགོས། སང་ལོ་ནི་བདུན་པའི་ཚེས་བདུན་གྱི་དུས་འགྱུར་དང་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གིས་སྤེལ་བའི་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་སྤུན་ཟླ་རྐྱེན་ལམ་དུ་ཤོར་ནས་ལོ་80འཁོར་བའི་ལོ་ཞིག་ཀྱང་ཡིན་པས་རྒྱལ་ཁབ་ཡིག་ཚགས་ཅུས་ཀྱིས་《ར་པིར་གྱི་ཉིན་ཐོ་》པར་སྐྲུན་བྱ་རྒྱུ་དང་། འཛམ་གླིང་དྲན་གསོའི་མིང་གཞུང་ནང་བཀོད་པའི་《ནན་ཅིང་དམར་གསོད་ཆེ་མོའི་ཡིག་ཚགས་》པར་ལེན་པར་སྐྲུན་བྱ་རྒྱུ། ཡིག་ཚགས་དེ་དག་བརྒྱུད་ལོ་རྒྱུས་ཀྱི་བདེན་པ་སླར་གསོ་བྱས་ནས་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གིས་བསགས་པའི་ཉེས་པ་མཐའ་དག་དམར་རྗེན་དུ་འདོན་རྒྱུ་བཅས་ཡིན”ཞེས་གསུངས་པ་རེད།
           ལི་མིང་ཧྭ་ཡིས་ད་དུང་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཡིག་ཚགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱེད་སྐབས་ཡིག་ཚགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་བསམ་འཆར་གང་མགྱོགས་བཏོན་ཏེ་ཉེ་བའི་ལོ་ཤས་རིང་ཐོན་ནུས་གཅོག་པ་དང་མཛོད་ཉར་འཕྲི་རིང་ཐོན་པའི་ཁེ་ལས་ཀྱི་ཡིག་ཚགས་ཐད་ཀྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་ཞབས་འདེགས་ཞུ་དགོས། 《བཟའ་བཅའི་ཡིག་ཚགས་དོ་དམ་བྱ་ཐབས་》དང་། 《གསར་སྤེལ་ཁུལ་གྱི་ཡིག་ཚགས་དོ་དམ་གྱི་གནས་སྐབས་ལག་བསྟར་གཏན་འབེབས་》སོགས་ལས་རིགས་ཀྱི་ཁྲིམས་སྲོལ་རབ་དང་རིམ་པ་བཟོས་ཏེ་ཚད་ལྡན་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འགན་ལེན་ནུས་པ་འདོན་སྤེལ་བྱེད་དགོས། 《རྩིས་གཉེར་ཡིག་ཚགས་དོ་དམ་བྱ་ཐབས་》སོགས་ཡིག་ཚགས་ཁྲིམས་སྲོལ་ལག་བསྟར་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།