འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཁག་གཉིས་པའི་རིང་དུ་མང་ཚོགས་ཀྱིས་
    ཐེར་འདོན་གོང་ཞུ་བྱས་པའི་དོན་དག་8657ཐག་བཅད་པ་དང་མི་
    གྲངས་687གྱི་འགན་འཁྲི་འདྲི་རྩད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་14ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཁོར་ཡུག་སྲུང་སྐྱོང་པུའུ་ནས་ཤེས་རྟོག་བྱུང་གསལ་དུ། ཟླ་12ཚེས་10ཉིན་བར་དུ། 2016ལོའི་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་གཉིས་པར་ཚོ་ཆུང་7ཡོད་པ་ཚང་མས་ཞིང་ཆེན་རིམ་པའི་ལྟ་ཞིབ་བྱེད་རིམ་དང་པོའི་ལས་འགན་ལེགས་གྲུབ་བྱུང་ཡོད་པ་རེད། ཁྱོན་བསྡོམས་འགོ་ཁྲིད་པ་275དང་གླེང་མོལ་བྱས་ཤིང་དེ་ཚོའི་ཁྲོད་དུ་ཞིང་ཆེན་རིམ་པའི་འགོ་ཁྲིད་པ་163འདུས་ཡོད། སྡེ་ཁག་དང་ལས་ཁུངས་169ལ་བཅར་འདྲི་བྱས་པ་དང་ཡིག་ཚགས་ཁྲི་2.8ལྟ་ཞིབ་བྱས་པ་རེད། 
         ལྟ་ཞིབ་ཚོ་ཆུང་གིས་བཅའ་སྡོད་བྱེད་རིང་དུ་མང་ཚོགས་ཀྱི་ཞུ་གཏུག་ལ་མཐོང་ཆེན་བྱས་ཏེ་མང་ཚོགས་ཀྱིས་ཐེར་འདོན་གོང་ཞུ་བྱས་པའི་དོན་དག་དུས་ཐོག་ཏུ་བརྒྱུད་སྤྲོད་དང་སྒྲུབ་རྒྱུའི་སྐུལ་སློང་བྱས་པ་རེད། ཟླ་12ཚེས་10ཉིན་གྱི་བར་དུ། ལྟ་ཞིབ་ཚོ་ཆུང་གིས་ཐེར་འདོན་གོང་ཞུའི་དོན་དག་ཁྱོན་བསྡོམས་8657ཐག་གཅོད་བྱས་པ་དང་ལྟ་ཞིབ་ཁུལ་དུ་དོན་དག་ཁྱོན་བསྡོམས་5462བརྒྱུད་སྤྲོད་བྱས་ནས་སྒྲུབ་ཏུ་བཅུག་པ། ལྟ་ཞིབ་ཁུལ་ཁག་གིས་དོན་དག་1893ཐག་གཅོད་བྱས་ཤིང་དེའི་ཁྲོད་དུ་གྱོད་དོན་ཐོ་རུ་བཀོད་དེ་ཁེ་ལས་1479ལ་དངུལ་ཆད་སྒོར་ཁྲི་6614.16བཏང་བ། གྱོད་དོན་213ཐོ་བཀོད་དེ་མྱུལ་ཞིབ་བྱས་ཤིང་མི་གྲངས་112འཛིན་བཟུང་བྱས་པ། མི་གྲངས་1100ལ་གླེང་མོལ་བྱས་པ་དང་།  མི་གྲངས་687ལ་འགན་འཁྲི་རྩད་གཅོད་བྱས་པ་རེད།
         ལྟ་ཞིབ་ཚོ་ཆུང་གིས་བཀོད་སྒྲིག་བྱས་པ་ལྟར་ན། ད་ལྟ་ལྟ་ཞིབ་ཚོ་ཆུང་ཁག་གིས་གཞི་རིམ་ལྟ་ཞིབ་དང་ཞིང་ཆེན་རིམ་པའི་ལྟ་ཞིབ་ཀྱི་འབྲེལ་ཡོད་གནད་དོན་ལ་བརྟག་དཔྱད་ཞིབ་བསྡུར་བྱེད་བཞིན་ཡོད་ལ། སྔོན་དཔག་ལྟར་ན། གཞི་རིམ་དུ་ལྟ་ཞིབ་བྱེད་པར་སྐྱོད་ཡུན་ཉིན་10ཡས་མས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།