འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་དང་པོ་ནས་བཅུ་གཅིག་པའི་བར་PM2.5ཡི་ཆ་སྙོམས་གར་ཚད་དུས་མཚུངས་ལས་
    8.3%ཆག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་14ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཉེ་ཆར། ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གིས་འཚོགས་པའི་ལོ་ཚོགས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་338ཀྱི་PM2.5ཡི་ཆ་སྙོམས་གར་ཚད་བསྟུད་མར་ལོ་གཉིས་ཆག་པའི་རྨང་གཞིའི་ཐོག་དུས་མཚུངས་ལས་8.3%ཆག་པ་དང་མཁའ་རླུང་ལེགས་པའི་ཉིན་གྲངས་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.6མཐོ་རུ་ཕྱིན་ཡོད།
         ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་གཞོན་པ་ཁྲེན་ཅི་ཉིང་གིས་རང་རྒྱལ་གྱི་ཐོན་ལས་གྲུབ་ཆ་དང་། ནུས་རྒྱུའི་གྲུབ་ཆ། བར་མཐོངས་ཀྱི་བཀོད་པ་བཅས་ལེགས་སུ་འགྲོ་བཞིན་ཡོད་པ་དང་ཐོན་རྫས་ཀྱི་སྦགས་བཙོག་དངོས་པོ་གཙོ་བོ་ཕྱིར་འབུད་བྱེད་ཚད་བརྟན་པོའི་ངང་ཉུང་དུ་ཕྱིན་ཡོད། འོན་ཀྱང་ཀྲུང་གོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྔར་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྗེས་སུ་ལུས་པ་དང་ཁོར་ཡུག་གི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པས་དེའི་ཐད་ངེས་པར་དུ་མུ་མཐུད་འབད་བརྩོན་ཆེན་པོ་བྱེད་དགོས་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།