འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།དེང་རབས་ཀྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་
    འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་14ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་12ཉིན་སློབ་གསོ་པུའུ་དང་ཕུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བའི་དེང་རབས་ཀྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་ཕུའུ་ཀྲོའུ་ལ་འཚོགས་པ་རེད། ཚོགས་འདུའི་དམིགས་ཡུལ་ནི་ལས་རིགས་སློབ་གསོའི་བཅའ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ལོ་ཉི་ཤུ་འཁོར་བ་དང་། ཀྲུང་གོའི་ཉེ་རབས་དང་དེང་རབས་ལས་རིགས་སློབ་གསོ་སྤེལ་འགོ་བརྩམས་ནས་ལོ་150འཁོར་བར་དྲན་གསོ་བྱས་ཏེ། ཉམས་མྱོང་ཕྱོགས་སྡོམ་དང་སྤེལ་རེས་བྱས་ཁར། ཞིབ་འཇུག་གིས་ལས་ཀ་བཀོད་སྒྲིག་ཀྱང་བྱས་ནས་ལས་རིགས་སློབ་གསོ་དེང་རབས་སུ་འགྱུར་བར་སྐུལ་མ་མགྱོགས་སུ་གཏོང་རྒྱུ་དང་ཆབས་ཅིག་ལས་རིགས་ཁྲོད་ནས་སྔོན་དུ་བསྐྱོད་པའི་ཁེ་ལས་དང་དཔེ་སྟོན་གྱི་ལས་རིགས་སློབ་གླིང་ཁག་གཅིག་བདམས་ཏེ་ལས་རིགས་སློབ་གསོ་གཉེར་སྐབས་སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད་པའི་དཔེ་སྟོན་རྣམ་གྲངས་ལག་ལེན་བསྟར་རྒྱུ་དེ་རེད།
         ཚོགས་འདུའི་ཐོག་སློབ་གསོ་པུའི་པུའུ་ཀྲང་ཁྲེང་པའོ་ཧྲེང་གིས་བཤད་དོན། གཅིག་ནས་ལས་རིགས་སློབ་གསོ་དར་བར་བྱེད་དགོས། གོ་ཆོད་པར་འགྱུར་བའི་འདུ་ཤེས་ལ་འགྱུར་ལྡོག་ཧུར་ཐག་བཏང་ནས་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་བར་བསམ་བློའི་མཐུན་རྐྱེན་བསྐྲུན་ཏེ་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པ་དང་། གཉིས་ནས་ལས་རིགས་སློབ་གསོར་བཀྲག་མདངས་འཚེར་བར་བྱེད་དགོས། དེའང་སྤུས་ཚད་ཀྱི་འདུ་ཤེས་བརྟན་པོ་ཆགས་པར་བྱས་ནས་སྤུས་ཚད་ཀྱི་འདུ་ཤེས་སློབ་ཁྲིད་དང་། དོ་དམ། ཤེས་ལྡན་པ་གསོ་སྐྱོངབཅས་ལ་ཁྱབ་པར་བྱས་ཏེ། བྱང་ཚད་མཐོ་བའི་སློབ་ཐོན་སློབ་མ་ལས་རིགས་སློབ་གསོའི་སྤུས་རྟགས་དང་མགྲིན་ཚབ་པར་འགྱུར་བར་བྱེད་དགོས། གསུམ་ནས་ལས་རིགས་སློབ་གསོར་གསོན་ཤུགས་འཕེལ་བ་བྱེད་དགོས། ཆེད་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱས་ནས་ཐོན་ལས་འཁོར་འབྲེལ་གྱི་སྦྲེལ་མཐུད་བྱེད་པའི་དགོས་མཁོ་དང་ཁྲོམ་རའི་དགོས་མཁོ་དང་འཚམ་པར་བྱེད་དགོས། བཞི་ནས་ལས་རིགས་སློབ་གསོ་རྒྱ་སྟོབས་ཆེན་པོ་ཡོང་བ་བྱེད་དགོས། ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་བའི་གཏིང་ཤུགས་ནུས་ཤུགས་ཡོད་རྒུས་འཕེལ་བར་བྱས་ནས་ལས་རིགས་སློབ་གླིང་ཁྱོན་ཡོངས་ནས་ཆེད་ལས་དང་། དོ་དམ། ཁྱད་ཆོས་བཅས་ལྡན་པ་ཞིག་ཏུ་འཕེལ་རྒྱས་གཏོང་དགོས། ལྔ་ནས་ལས་རིགས་སློབ་གསོར་སྐྱེ་སྟོབས་ལྡན་པ་བྱེད་དགོས། ལྷུག་གཏོང་དང་། དོ་དམ། ཞབས་ཞུ་བཅས་ཀྱི་སྒྱུར་བཅོས་ལ་སྐུལ་མ་བཏང་ནས་ཞིང་ཆེན་རིམ་པའི་སྤྱི་འདོམས་དབང་ཆ་དང་ལས་རིགས་སློབ་གླིང་གི་སློབ་གཉེར་རང་ཐག་རང་གཅོད་ཀྱི་དབང་ཆ་དོན་འཁྱོལ་གྱིས་ལས་རིགས་སློབ་གསོར་སྲིད་ཇུས་ནས་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས། དྲུག་ནས་ལས་རིགས་སློབ་གསོར་ཁྱད་ཆོས་ལྡན་པ་བྱེད་དགོས། དེའང་དགེ་རྒན་གྲགས་ཅན་ཁག་གཅིག་གསོ་སྐྱོང་བྱས་ནས་སློབ་ཚན་སྤུས་ལེགས་ཁྲིད་དེ་ཆེད་ལས་དང་། རྩལ་ནུས། སློབ་ཁྲིད་བྱེད་སྟངས་བཅས་གང་ས་ཅི་ཐད་ནས་ཁྱད་ཆོས་ལྡན་པ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།