འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གཞིས་ཀ་རྩེ་གྲོང་ཁྱེར་དང་སྤུ་ཧྲེང་རྫོང་གཉིས་རྒྱལ་ཡོངས་ཀྱི་ཁོངས་
    ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་གསར་འཛུགས་སྡེ་ཚན་དུ་བདམས་ཐོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་14ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་གསར་འཛུགས་སྡེ་ཚན་ཁག་གཉིས་པ་ཁྱབ་བསྒྲགས་བྱས་ཤིང་། བོད་ལྗོངས་ཀྱི་གཞིས་ཀ་རྩེ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་གྱི་སྤུ་ཧྲེང་རྫོང་གཉིས་མིང་ཐོའི་ནང་དུ་ཚུད་ཡོད་པ་རེད། དེའི་སྔོན་ལ། བོད་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་གཉིས་རྒྱལ་ཡོངས་ཀྱི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་གསར་འཛུགས་སྡེ་ཚན་ཁག་དང་པོའི་གྲས་སུ་བདམས་ཐོན་བྱུང་བརེད།
         ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་ཀྱི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་གྱི་མིང་ཐོར་བདམས་ཐོན་བྱུང་བའི་ས་ཁུལ་ལ་“དམིགས་སུ་བཀར་བ་བརྒྱད་”ཀྱི་སྲིད་ཇུས་ལེགས་ཆ་ཡོད་པ་སྟེ། དམིགས་སུ་བཀར་ནས་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ནང་གི་མ་དངུལ་གཏོང་བའི་ཐད་རྒྱབ་སྐྱོར་བྱ་ཡུལ་དུ་འཇུག་རྒྱུ་དང་། དམིགས་སུ་བཀར་ནས་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། དམིགས་སུ་བཀར་ནས་ཡུལ་སྐོར་མ་དངུལ་གཏོང་རྒྱུའི་ལེགས་འདེམས་རྣམ་གྲངས་ཀྱི་མིང་ཐོར་འཇུག་རྒྱུ། དམིགས་སུ་བཀར་ནས་ཡུལ་སྐོར་ཕྱི་འབྲེལ་དང་དྲིལ་བསྒྲགས་ཁྱབ་སྤེལ་གྱི་གཙོ་གནད་བྱེད་སྒོ་བཀོད་སྒྲིག་བྱས་ཏེ་རྒྱལ་ཁབ་ཀྱི་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་སྤེལ་ལ་རྒྱབ་སྐྱོར་གཙོ་བོ་བྱེད་ཁོངས་སུ་འཇུག་རྒྱུ། དམིགས་སུ་བཀར་ནས་རྒྱལ་ཁབ་ཀྱི་ཡུལ་སྐོར་བསྒྱུར་བཅོས་གསར་གཏོད་ཚོད་ལྟའི་དཔེ་སྟོན་ཁྱབ་ཁོངས་སུ་འཇུག་རྒྱུ། དམིགས་སུ་བཀར་ནས་Aརིམ་པའི་མཛེས་ལྗོངས་ཁུལ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་ཡུལ་སྐོར་སྤུས་རྟགས་གསར་འཛུགས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། དམིགས་སུ་བཀར་ནས་ཡུལ་སྐོར་ཤེས་ལྡན་མི་སྣ་གསོ་སྐྱོང་སྦྱོང་བརྡར་བཀོད་སྒྲིག་བྱ་རྒྱུ། དམིགས་སུ་བཀར་ནས་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་གཙོ་གནད་འབྲེལ་གཏུགས་བྱེད་ཁོངས་སུ་འཁོད་པར་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།