འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་སྨན་བཅོས་རོགས་སྐྱོབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རྣམ་
    གྲངས་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་14ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་5ཉིན་གཅེས་སེམས་ལེ་དབར་ཁྲི་ཡི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་དང་མཚོ་སྔོན་རྒྱ་གྲམ་དམར་པོའི་ཚོགས་པའི་སྨན་ཁང་དང་མཉམ་དུ་གཉེར་བའི“མཚོ་སྔོན་ཞིང་ཆེན་སྨན་བཅོས་རོགས་སྐྱོབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རྣམ་གྲངས”ཀྱི་སྤྱི་ཕན་རོགས་སྐྱོབ་རྣམ་གྲངས་ལག་བསྟར་མཛད་སྒོ་པེ་ཅིང་དུ་དངོས་སུ་འགོ་ཚུགས་པ་རེད།
         རྣམ་གྲངས་འདིའི་སྤྱི་ཕན་བྱེད་སྒོར་རིམ་ཁག་འགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མི་སྣའི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། མཛད་སྒོ་འཚོག་པའི་ཉིན་འདིར་སྐབས་དགུ་པ་དང་བཅུ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཐེབས་རྩ་ལྷན་ཚོགས་ཀྱི་མཚན་འཛིན་ལས་འཛིན་ཚོགས་གཙོ་ཧེ་ལུའུ་ལི་དང་དེ་བཞིན་སྐབས་བཅུ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཀུའུ་ཤིའུ་ལན་སོགས་འགོ་ཁྲིད་དང་སྐུ་མགྲོན་གདན་ཞུས་ལྟར་མཛད་སྒོར་ཞུགས་པ་དང་། གྲགས་ཅན་འཁྲབ་སྟོན་སྒྱུ་རྩལ་མཁས་ཅན་ལི་ཝེ་ཁང་དང་ཀྲོའུ་ཀུའེ་ཡོན་སོགས་སྤྱི་ཚོགས་ལས་རིགས་ཁག་གི་གྲགས་ཅན་མི་སྣ་ཁག་གཅིག་ཀྱང་མཛད་སྒོའི་ནང་ལྷན་དུ་ཞུགས་ཡོད་པ་རེད། མཛད་སྒོ་འགོ་ཚུགས་སྐབས་ཚང་མས་མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་སྒྲིག་བཟོ་བྱས་པའི་སྤྱི་ཕན་དྲིལ་བསྒྲགས་པར་གཞི་《གཅེས་སེམས་ལ་མུ་མཐའ་མེད་》ཅེས་པ་ཐུན་མོང་ཐོག་བལྟས་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་རོགས་སྐྱོབ་ཀྱི་བྱེད་སྒོར་རྒྱུས་མངའ་སྔར་ལས་ལྷག་པ་བྱུང་ཡོད།
         མཚན་འཛིན་ལས་འཛིན་ཚོགས་གཙོ་ཧེ་ལུའུ་ལིས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་ཤིང་། ཁོང་གིས་དང་ཐོག་གཅེས་སེམས་ལེ་དབར་ཁྲི་ཡི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་བཙུགས་ཚུན་སྤེལ་བའི་སྤྱི་ཕན་བྱེད་སྒོར་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ། གཅེས་སེམས་ལེ་དབར་ཁྲི་ཡི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཕན་བྱ་གཞག་ལ་རང་ཉིད་ཀྱི་སྟོབས་ཤུགས་མང་ཙམ་འབུལ་རྒྱུ་དང་སྤྱི་ཚོགས་ལས་རིགས་ཁག་དང་ཐུན་མོང་ཐོག་ཀྲུང་གོའི་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ལྕག་སྐུལ་གནང་བ་རེད།
         འགོ་ཚུགས་མཛད་སྒོར་ཐེབས་རྩ་ལྷན་ཚོགས་ཀྱི་མཚན་འཛིན་ལས་འཛིན་ཚོགས་གཙོ་གཞོན་པ་མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གི་ཡོན་ཀྲང་བློ་མཐུན་ཀན་ལི་ཅུན་གྱིས་རྣམ་གྲངས་ལག་བསྟར་ཕྱོགས་ཀྱི་ཚབ་ཞུས་ནས་ཆེད་དོན་གཏམ་བཤད་སྤེལ་ཞིང་། ཁོང་གི་གཏམ་བཤད་ནང་2015ལོ་ནས་བཟུང་མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་པེ་ཅིང་གཅེས་སེམས་ལེ་དབར་ཁྲི་ཡི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་བྱིས་པའི་ལྷན་སྐྱེས་སྙིང་ནད་དང་ཐུམ་འབུའི་ནད་སོགས་ཐོན་ཚུལ་དང་ལྷག་པའི་གནད་དོན་ལ་འབྲེལ་མཐུད་སྤེལ་རེས་བྱས་པས། གཅེས་སེམས་ལེ་དབར་ཁྲི་ཡི་ཐེབས་རྩ་ལྷན་ཚོགས་ཀྱི་ཚད་མཐོའི་དོ་ཁུར་ཐོབ་པ་དང་འབྲེལ། མཉམ་ལས་གྲོས་མཐུན་ཡང་བཞག་པ་རེད། དེ་རྗེས། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱབ་སྐྱོར་ཤུགས་ཆེན་དང་པེ་ཅིང་གཅེས་སེམས་ལེ་དབར་ཁྲི་ཡི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱི་རོགས་སྐྱོར་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་སྨན་ཁང་དང་མཉམ་འབྲེལ་བྱས་ཏེ་ཕྱོགས་གསུམ་པོས་དཀའ་ངལ་ཡོད་པའི་ནད་པའི་རོགས་སྐྱོབ་ཐེབས་རྩ་བཙུགས་པ་རེད། སྨན་ཁང་གིས་ལྷན་སྐྱེས་སྙིང་ནད་དང་ཐུམ་འབུའི་ནད་ཕོག་མཁན་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བྱིས་པར་སྔ་རྗེས་སུ་རོགས་སྐྱོབ་བྱས་པ་དང་དབུལ་སྐྱོར་ས་ཁུལ་གྱི་མང་ཚོགས་ལ་བདེ་ཐང་ཡིག་ཚགས་བཟོས་པ་སོགས་སྤྱི་ཕན་རྣམ་གྲངས་རབ་དང་རིམ་པ་བཏོན་ཡོད། རྣམ་གྲངས་ལག་བསྟར་བྱས་ཚུན། ཞིང་ཆེན་ཡོངས་སུ་མི་3740ལ་ཡོངས་ཁྱབ་ཞིབ་བཤེར་བྱས་པའི་ནང་རིགས་ཁག་གི་ལྷན་སྐྱེས་སྙིང་ནད་ཕོག་མཁན་350ཤེས་རྟོགས་ཐུབ་པ་དང་མིག་སྔའི་བར་མི་104ལ་གཤགས་བཅོས་བྱས་ཡོད། དེ་མིན་གྱི་གཤགས་བཅོས་བྱེད་དགོས་རིགས་ལ་འཆར་གཞི་ཞིབ་ཚགས་བཀོད་པ་དང་དུས་ཁག་ཕྱེ་ནས་སྨན་བཅོས་བྱ་རྒྱུ་རེད། མིག་སྔར་མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་སྨན་བཅོས་རོགས་སྐྱོར་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། སྲིད་གཞུང་གི་དབུལ་སྐྱོར་ལས་དོན་ལ་གཞོགས་འདེགས་བྱས་པ་དང་ལྷག་པར་དུ་སྨན་བཅོས་ཆུ་ཚད་བལྟོས་བཅས་ཀྱི་དམའ་བའི་ཞིང་འབྲོག་ཁུལ་དུ་མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་ཐུམ་འབུའི་ནད་དང་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་སྨན་བཅོས་བྱས་པ་དང་སྐྲན་གཉིས་གྲལ་བཤེར་སོགས་སྨན་བཅོས་དབུལ་སྐྱོར་རྣམ་གྲངས་མང་དག་ཅིག་ལག་བསྟར་བྱས་ནས་ཞིང་འབྲོག་ཁུལ་གྱི་གྲངས་ཉུང་མི་རིགས་སྤུན་ཟླར་ཞབས་འདེགས་ཡག་པོ་ཞུ་ཆེད་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་སྤེལ་ཏེ་དམངས་བདེ་དམངས་ཕན་གྱི་དབུལ་སྐྱོར་རྣམ་གྲངས་མང་དག་ཅིག་མཚོ་སྔོན་རྒྱ་གྲམ་དམར་པོ་ཚོགས་པའི་ཤུགས་ཆེའི་རྒྱབ་སྐྱོར་དང་སྐུལ་འདེད་འོག་ལག་བསྟར་ཐུབ་ཡོད་ཅེས་བཤད།
        མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་བློ་མཐུན་སུན་ལིན་གྱིས་ཀྱང་མཛད་སྒོའི་ཐོག་ཆེད་དོན་གཏམ་བཤད་སྤེལ་ཞིང་། ཁོང་གིས་མཚོ་སྔོན་ཞིང་ཆེན་སྨན་བཅོས་རོགས་སྐྱོབ་ཀྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རྣམ་གྲངས་ལག་བསྟར་བྱས་པ་དེས་མི་ཆོས་སྤྱི་ཕན་གྱི་སྤུས་རྟགས་གསར་པ་ཞིག་བཙུགས་པ་མཚོན་གྱི་ཡོད་ལ། མཚོ་སྔོན་སྨན་བཅོས་ཀྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་སྐྱོབ་ཐབས་ལམ་གསར་པ་གཞན་ཞིག་བཏོད་པའང་མཚོན་གྱི་ཡོད། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་ཆེད་དོན་ཐེབས་རྩ་བཙུགས་པ་དང་། རོགས་སྐྱོབ་ལས་སྟེགས་བསྐྲུན་པ། མི་ཆོས་གཅེས་སེམས་འབུལ་བ་བཅས་བརྒྱུད། ལྷན་སྐྱེས་སྙིང་ནད་ཕོག་མཁན་བྱིས་པ་བརྒྱ་ཙམ་ལ་རིན་མེད་གྲལ་བཤེར་དང་གཤགས་བཅོས་བྱས་ཏེ་མཚོ་སྔོན་དུ་གཅེས་སེམས་དང། བརྩེ་སེམས། བྱམས་སེམས་བཅས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད་ཅེས་ནན་བཤད་བྱས་པ་རེད།
         འགོ་ཚུགས་མཛད་སྒོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁྲི་འདུ་རྫོང་གི་རིག་རྩལ་ལས་དོན་པ་ཚོ་དང་ཧོ་པེ་ཧེང་ཧྲུའེ་སློབ་འབྲིང་གི་སློབ་མ་ཚོས་སྐུ་མགྲོན་ལ་འཁྲུག་ཆ་དོད་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་ནས་ཁོང་ཚོས་གཅེས་སེམས་ལེ་དབར་ཁྲི་ཡི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་དང་དེ་བཞིན་སྤྱི་ཕན་རོགས་སྐྱོབ་བྱེད་སྒོ་ལྟེ་གནས་ཀྱི་དཀའ་བ་དུ་མ་སྤྱོད་མཁན་སྤྱི་ཚོགས་གཅེས་སེམས་མི་སྣར་ཐུགས་རྗེ་ཆེ་ཞུས་པ་རེད།
         འཐབ་ཇུས་མཉམ་ལས་རྣམ་གྲངས་དངོས་སུ་ལག་ལེན་བསྟར་བ་དང་སྦྲགས། སླད་ཕྱིན་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་པེ་ཅིང་གཅེས་སེམས་ལེ་དབར་ཁྲི་ཡི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་དང་ཞིང་ཆེན་རྒྱ་གྲམ་དམར་པོ་ལྷན་ཚོགས་དང་ཐུན་མོང་ཐོག་སྨན་བཅོས་རོགས་སྐྱོབ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཕྱོགས་མང་པོའི་ཐད་མཉམ་ལས་བྱ་རྒྱུ་དང་སྨན་བཅོས་རོགས་སྐྱོར་དང་རོགས་སྐྱོབ་བྱ་སྤྱོད་ནུས་ལྡན་སྤེལ་བ་བརྒྱུད། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་རེད། ཕྱོགས་བསྡུས་རང་བཞིན་གྱི་སྨན་བཅོས་ཞབས་ཞུའི་སྒྲིག་གཞི་ཞིག་ཡིན་པའི་ངོས་ནས། སྨན་ཁང་གིས་སྤྱི་ཚོགས་སྤྱི་ཕན་ལམ་བུའི་ཐོག་མུ་མཐུད་འབད་འབུངས་ཡར་བརྩོན་བྱས་ནས་ཏང་དང་སྲིད་གཞུང་གིས་མི་རིགས་ཁག་གི་མང་ཚོགས་དབར“སེམས་འབྲེལ་ཟམ་པ”ཞིག་བཙུགས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།