འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཤིས་འདི་ཉིད་རང་རྒྱལ་གྱི་ས་འོག་ལྕགས་ལམ་ཤར་གཏོང་ཐུབ་པའི་གྲངས་ཉུང་
    མི་རིགས་རང་སྐྱོང་ལྗོངས་དང་པོར་འགྱུར་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་29ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་27ཉིན་ནན་ཉིང་གྲོང་ཁྱེར་སྲིད་གཞུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཟླ་6ཚེས་28ཉིན་གྱི་ཉིན་དགུང་ནན་ཉིང་འཁོར་ལམ་འགྲིམ་འགྲུལ་ལམ་ཐིག་དང་པོའི་ཤར་རྒྱུད་དུམ་བུ་དངོས་སུ་ཤར་གཏོང་ཐུབ་སྟེ་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་ནན་ཉིང་གྲོང་ཁྱེར་འདི་ཉིད་ས་འོག་ལྕགས་ལམ་གྱི་དུས་རབས་སུ་དངོས་སུ་བསྐྱོད་རྒྱུ་ཡིན་པ་མཚོན་ལ་ཀོང་ཤིས་ཀྱང་རང་རྒྱལ་གྱི་ས་འོག་ལྕགས་ལམ་ཤར་གཏོང་ཐུབ་པའི་གྲངས་ཉུང་མི་རིགས་རང་སྐྱོང་ལྗོངས་དང་པོར་འགྱུར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
         རྒྱལ་ཁབ་ཀྱི་མཆན་འགོད་བཀའ་ལན་གཞིར་བཟུང་། ནན་ཉིང་འཁོར་ལམ་འགྲིམ་འགྲུལ་ལམ་ཐིག་དང་པོར་ཁྱོན་རིང་ཚད་སྤྱི་ལེ་32.1ཡོད་པ་དང་མེ་འཁོར་བབས་ཚུགས་25བཙུགས་ཡོད། ཟླ་6ཚེས་28ཉིན་ཤར་གཏོང་ཐུབ་ནས་ཚོད་ལྟ་བྱེད་རྒྱུ་ནི་ནན་ཉིང་འཁོར་ལམ་འགྲིམ་འགྲུལ་ལམ་ཐིག་དང་པོའི་ཤར་རྒྱུད་དུམ་བུ་ཡིན་པ་དང་། ནན་ཉིང་ནན་ཧུའུ་བབས་ཚུགས་ནས་ནན་ཉིང་མེ་འཁོར་བབས་ཚུགས་ཤར་རྒྱུད་བར་ཡིན། དེའི་ལམ་ཐིག་རིང་ཚད་ལ་སྤྱི་ལེ་11.2ཡོད་པ་དང་། མེ་འཁོར་བབས་ཚུགས་10བཙུགས་ཡོད་པ་རེད།
         མིག་སྔར་ནན་ཉིང་གིས་འཁོར་ལམ་གྱི་འགྲིམ་འགྲུལ་ལམ་ཐིག་4སྐྲུན་བཞིན་ཡོད་པ་དང་འཁོར་ལམ་གྱི་འགྲིམ་འགྲུལ་ལམ་ཐིག་5བསྐྲུན་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། འདི་ལོའི་ཟླ་5པའི་ཟླ་མཇུག་བར་ནན་ཉིང་གིས་སྐྲུན་བཞིན་པའི་འཁོར་ལམ་འགྲིམ་འགྲུལ་ལམ་ཐིག་4ཡི་ཁྱོན་རིང་ཚད་ཧ་ལམ་སྤྱི་ལེ་81ཟིན་པ་དང་མ་དངུལ་སྒོར་དུང་ཕྱུར་246ལྷག་ཙམ་བཏང་ཡོད། སྔོན་དཔག་བྱས་ན་2021ལོར་སླེབས་སྐབས་འཁོར་ལམ་འགྲིམ་འགྲུལ་ལམ་ཐིག་དེ་དག་ཡོངས་སུ་སྐྲུན་མཇུག་འགྲིལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།