འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོར་གསར་དར་ལས་རིགས་ཞིང་པ་ཁྲི་100གསོ་སྐྱོང་བྱ་རྒྱུ་ཡིན་པ། 

    “སང་ཉིན་སུས་ས་ཞིང་འདེབས་སམ”ཞེས་པའི་དཀའ་གནད་སེལ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་29ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་གསར་དར་ལས་རིགས་ཞིང་པ་གསོ་སྐྱོང་གི་ཉམས་མྱོང་སྤེལ་རེས་ཚོགས་འདུ་དང་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭའི་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2016ལོར་རྒྱལ་ཁབ་ཀྱིས་གསར་དར་ལས་རིགས་ཀྱི་ཞིང་པ་གསོ་སྐྱོང་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་13.9བཏང་སྟེ་གསར་དར་ལས་རིགས་ཞིང་པ་ཁྲི་100གསོ་སྐྱོང་བྱེད་པའི་ལས་འགན་ལེགས་སྒྲུབ་བྱ་རྒྱུ་རེད། གསར་དར་ལས་རིགས་ཞིང་པ་གསོ་སྐྱོང་འདུ་འགོད་ཀྱི་དཔེ་སྟོན་ཁྱབ་ཁོངས་འདི་ལོ་རྒྱལ་ཡོངས་ཀྱི་ཞིང་ཆེན་8དང་། གྲོང་ཁྱེར་30 དཔེ་སྟོན་རྫོང་800(དེང་རབས་ཞིང་ལས་དཔེ་སྟོན་ཁུལ་100ཚུད་པ་)བཅས་བར་སྔར་བས་རྒྱ་ཆེར་གཏོང་རྒྱུ་རེད།
         ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཀྲང་ཐའོ་ལིན་གྱིས་གསར་དར་ལས་རིགས་ཞིང་པ་གསོ་སྐྱོང་གི་ཚོད་ལྟའི་དཔེ་སྟོན་ལས་དོན་སྤེལ་འགོ་ཚུགས་ཚུན། གསར་དར་ལས་རིགས་ཞིང་པ་གསོ་སྐྱོང་ལས་དོན་གྱི་རྣམ་པ་སྤྱིར་ཆགས་པ་དང་། ལམ་ལུགས་ཀྱི་སྒྲོམ་གཞི་སྤྱིར་གཏན་འཁེལ་བྱས་པ། གསོ་སྐྱོང་མ་ལག་མགྱོགས་མྱུར་སྐྲུན་པ། མ་དངུལ་ཚད་བརྒལ་བྱུང་བ་བཅས་ལས། གསར་དར་ལས་རིགས་ཞིང་པ་ཁག་གཅིག་ས་གནས་ཁག་ཏུ་ཐོན་ནས་དེང་རབས་ཞིང་ལས་འཛུགས་སྐྲུན་ལ་སྣེ་འདྲེན་གྱི་ནུས་པ་གཙོ་བོ་འདོན་སྤེལ་བྱས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གསར་དར་ལས་རིགས་ཞིང་པ་གསོ་སྐྱོང་བྱེད་པའི་ལས་དོན་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དེང་རབས་ཞིང་ལས་འཕེལ་རྒྱས་དང་ལས་རིགས་ཀྱི་ཞིང་པའི་དཔུང་ཁག་མགྱོགས་མྱུར་སྐྲུན་པའི་གཙོ་ཐིག་དེར་དམ་པོར་དམིགས་ཏེ་གསར་དར་གཉེར་སྐྱོང་བྱེད་པོའི་སྣེ་འཁྲིད་པའི་རེས་སྐོར་སྦྱོང་བརྡར་གྱི་འཆར་གཞི་དང་དེང་རབས་གཞོན་ནུའི་འབྲོག་བདག་གསོ་སྐྱོང་འཆར་གཞི་ལག་བསྟར་ཤུགས་ཆེན་བྱས་ཏེ་སློབ་གསོའི་གསོ་སྦྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་དོ་དམ་དང་ཆབ་སྲིད་ཀྱིས“ཕྱོགས་གསུམ་གཞི་གཅིག”ལ་རོགས་སྐྱོར་བྱེད་པའི་གསོ་སྦྱོང་ལམ་ལུགས་ཚད་ལྡན་བཟོས་ཐོག ཞིང་པའི་ལས་རིགས་ཅན་གྱི་ཆུ་ཚད་དང་། རྣམ་གསར་ཞིང་ལས་གཉེར་སྐྱོང་བྱེད་པོའི་འཕེལ་རྒྱས་ཀྱི་ནུས་པ་། རྣམ་གསར་ལས་རིགས་ཀྱི་ཞིང་པའི་སློབ་གསོ་གསོ་སྦྱོང་མ་ལག་གི་འགན་ལེན་ནུས་པ། རྣམ་གསར་ལས་རིགས་ཀྱི་ཞིང་པའི་དོ་དམ་ཞབས་ཞུའི་ནུས་པ་བཅས་ཆེ་རུ་ནུས་ལྡན་གཏོང་རྒྱུ་ཡིན་ལུགས་བསྟན་ཡོད་པ་རེད།
         ཀྲང་ཐའོ་ལིན་གྱིས་འདི་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ལས་རིགས་ཞིང་པ་གནས་གཏན་འཁེལ་གྱིས་གསོ་སྐྱོང་བྱེད་དགོས་ལུགས་བསྟན་ཡོད། རིམ་ཁག་ཞིང་ལས་སྡེ་ཚན་གྱིས་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭའི་སྒྲིག་གཞི་འཛུགས་སྐྲུན་དང་དཔུང་ཁག་འཛུགས་སྐྱོང་ཆ་རྐྱེན་གཏོད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་གནས་གཏན་འཁེལ་གྱིས་ལས་རིགས་ཀྱི་ཞིང་པ་གསོ་སྐྱོང་བྱེད་པའི་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭའི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭ་གསར་དར་ལས་རིགས་ཞིང་པ་གསོ་སྐྱོང་གི་ཆེད་མངགས་སྒྲིག་གཞིར་འགྱུར་བ་བྱེད་དགོས། རིམ་ཁག་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭས་སློབ་ཁྲིད་ཀྱི་འཆར་གཞི་བཟོས་ཏེ་དགེ་རྒན་དཔུང་ཁག་ལེགས་འདེམས་དང་སློབ་ཁྲིད་ཀྱི་ཐོན་ཁུངས་གསར་སྤེལ་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་སློབ་གསོ་གསོ་སྦྱོང་བྱེད་དགོས་ལུགས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།