འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ལོ་རྒྱུས་སྙན་ངག་གི་སྒྱུ་འཁྲུལ་གློག་བརྙན་ཆེ་གྲས་དང་པོ་《དཔའ་བོ་གེ་སར་》ཞེས་
    པ་པར་ལེན་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་29ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་སྔོན་ཞིང་ཆེན་《གླིང་སྒྲུང་》ལོ་རྒྱུས་སྙན་ངག་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱས་པར། ཀྲུང་གོ་ཧྭ་ཤ་རིག་གནས་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་ཀྱིས་བཏོན་པ་དང་པེ་ཅིང་སྒྲོལ་མ་གསེར་པོ་གློག་བརྙན་བརྙན་འཕྲིན་སྨྱན་སྦྱོར་ཚད་ཡོད་ཀུང་སིས་པར་བླངས་པའི་རང་རྒྱལ་གྱི་ལོ་རྒྱུས་སྙན་ངག་གི་གློག་བརྙན་ཆེ་གྲས་དང་པོ་《དཔའ་བོ་གེ་སར་》ཞེས་པར་ཉིན་ཤས་གོང་རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ཆོག་མཆན་ཐོབ་ནས་པར་ལེན་གྱི་ཆོག་འཐུས་ཐོབ་པ་དང་ཟླ་བ་དེའི་ཚེས་21ཉིན་ཁྱོན་ཡོངས་ནས་པར་ལེན་བྱེད་འགོ་ཚུགས་ཡོད། གློག་བརྙན་དེའི་མ་རྩ་མི་དམངས་ཤོག་སྒོར་སྒོར་དུང་ཕྱུར་5ལས་བརྒལ་རྒྱུ་ཡིན་པ་དང་མཚོ་སྔོན་ཞིང་ཆེན་གྱིས་པར་ལེན་ཐད་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།