འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་དེ་སྣོད་བཅུད་འཛུགས་
    སྐྱོང་ཐད་སྔོན་ལ་ཚད་བརྒལ་ཡོང་བ་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་29ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། རྒྱལ་ཁབ་ནགས་ལས་ཅུས་ཀྱིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཞིང་ཆེན་གསུམ་གྱི་མི་དམངས་སྲིད་གཞུང་དང《པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་ནགས་ལས་སྣོད་བཅུད་སྔོན་ལ་ཚད་བརྒལ་ཡོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད་དེ། མི་དམངས་ཤོག་སྒོར་དུང་ཕྱུར་བརྒྱ་ལྷག་ཙམ་བཏང་ནས་ནགས་ལས་སྣོད་བཅུད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཁྲོད་སྔོན་ལ་སྣོད་བཅུད་ཚད་བརྒལ་ཡོང་བ་བྱ་རྒྱུ་ཡིན་པ་རེད།
         མ་འོངས་ལོ་ལྔའི་ནང་རང་རྒྱལ་གྱིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གྱི་ནགས་ལས་སྣོད་བཅུད་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་སྣོད་བཅུད་བར་མཐོངས་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར། ནགས་ཚལ་གྱི་སྤུས་ཚད། འདམ་རའི་སྲུང་སྐྱོང་དང་སླར་གསོ། རྒྱལ་སར་བསྐོར་བའི་རྒྱལ་ཁབ་སྤྱི་གླིང་མ་ལག རྒྱལ་ཁབ་གྲབས་གསོག་ནགས་ཚལ་འཛུགས་སྐྲུན་དང་ནགས་ལས་གནད་སྨིན་དབུལ་སྐྱོར་བཅས་ཕྱོགས་7ནས་ཚད་བརྒལ་མངོན་འགྱུར་བྱ་རྒྱུ་ཡིན་པ་རེད། 2020ལོར་སླེབས་སྐབས། ནགས་ཚལ་ཁྱབ་ཚད་2015ལོའི་25.7%ནས་35%ཡན་མཐོ་རུ་གཏོང་རྒྱུ་དང་། ནགས་ཚལ་རྒྱ་ཁྱོན་མུའུ་དུང་ཕྱུར་0.83ནས་མུའུ་དུང་ཕྱུར་1.14བར་རྒྱ་ཆེ་རུ་གཏོང་རྒྱུ། ནགས་ཚལ་གསོག་ཉར་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་1.36ནས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་1.71བར་མང་དུ་གཏོང་རྒྱུ་བཅས་རེད།
         ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གྱི་ནགས་ལས་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོར་དམིགས་ཏེ། ཀྲུང་དབྱང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་161བཏང་ནས་བྱང་གསུམ་ས་ཁུལ་གྱི་འགོག་སྲུང་ནགས་ཚལ་དང་། པེ་ཅིང་ཐེན་ཅིན་གྱི་བྱེ་རླུང་འགོག་བཅོས། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་གི་སྲུང་སྐྱོང་། དེ་བཞིན་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་སོགས་ནགས་ལས་ཀྱི་གཙོ་གནད་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་པས། ནགས་ཤིང་མུའུ་ཁྲི་8400ལྷག་ཙམ་བཙུགས་པ་དང་། མུའུ་ཁྲི་1381གི་རང་བྱུང་ནགས་ཚལ་གྱི་ཚོང་ལས་རང་བཞིན་གྱི་ཤིང་གཅོད་ཁྱོན་ཡོངས་ནས་མཚམས་བཞག་པ། འདམ་ར་མུའུ་ཁྲི་3.7སླར་གསོ་དང་རྒྱ་ཆེར་བཏང་བ། རིམ་རྩིས་བྱས་ན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་16བསྐྲུན་པ་བཅས་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་ནགས་ལས་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།