འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མཐོ་རྒྱུགས་ལོན་པའི་སྐར་གྲངས་ཀྱི་ཚད་གཞི་ཚེས་24ཉིན་ཁྱབ་བསྒྲཊ་
    བྱ་རྩིས་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་23ཉིན། 16:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་2016ལོའི་སྤྱིར་བཏང་མཐོ་རྒྱུགས་སྤྲད་པའི་སྐར་འབྲས་དང་“2016ལོའི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་ཀྱི་ཚད་གཞི་”2016ལོའི་ཟླ་6ཚེས་24ཉིན་དངོས་སུ་ཁྱབ་བསྒྲགས་བྱ་རྩིས་ཡོད་པ་དང་། མཐོ་རྒྱུགས་ཀྱི་སྐར་འབྲས་ཁྱབ་བསྒྲགས་བྱ་ཐབས་ནི་བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གི་གཞུང་ཕྱོགས་དྲ་ཚིགས་(www.xzzsks.com.cn)སུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པས། རྒྱུགས་སྤྲོད་སློབ་མ་ཚོས་བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གི་གཞུང་ཕྱོགས་དྲ་ཚིགས་སུ་ཞུགས་པ་དང་ཡང་ན་བོད་ལྗོངས་གློག་འཕྲིན་སློབ་གསོ་རྒྱུགས་ལེན་སྐར་གྲངས་འདྲི་རྩད་སྐད་རྨེད་སྟེགས་བུ་(ཁ་པར་ཨང་གྲངས་96833513)བརྒྱབ་ནས་མཐོ་རྒྱུགས་ཀྱི་སྐར་འབྲས་འདྲིརྩད་བྱས་ཆོག
         སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱ་ཐབས་ནི་བོད་ལྗོངས་སློབ་གསོ་ཐིང་གི་གཙོ་ཆེའི་དྲ་ཚིགས་(www.xzedu.com.cn)དང་། བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གི་གཞུང་ཕྱོགས་དྲ་ཚིགས(www.xzzsks.com.cn)། བོད་ལྗོངས་བརྙན་འཕྲིན་ལས་ཁུངས། བོད་ལྗོངས་རླུང་འཕྲིན་ལས་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། བོད་ལྗོངས་ཚོང་གཉེར་ཚགས་པར། ལྷ་སའི་དགོང་དྲོའི་ཚགས་པར་སོགས་བོད་ལྗོངས་ཀྱི་གསར་འགྱུར་སྨྱན་སྦྱོར་ལས་ཁུངས་བརྒྱུད་དེ་ཁྱབ་བསྒྲགས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།