འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།དར་དམར་རྒྱང་སྐྱོད་ལམ་དུ་ལྷབ་ལྷུབ་གཡོ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་21ཉིན། 16:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། 1934ལོའི་ཟླ་10པ་ནས་ཕྱི་ལོའི་ཟླ་11པའི་བར་དུ་གོ་མིན་ཏང་དམག་དཔུང་གི་“བསྐོར་བཅོམ་”ཡང་ཡང་བྱེད་པའི་མདུན་དུ་དམར་དམག་གི་དམག་སྡེ་བཞི་སྔ་རྗེས་སུ་ཁོང་ཚོ་གསོ་སྐྱོང་བྱེད་མྱོང་བའི་ཀྲུང་དབྱང་གནས་གཞིའི་ས་ཁུལ་དང་།  ཨེ་ཡུས་ཝན་ཞིང་ཆེནགསུམ་གྱི་གནས་གཞིའི་ས་ཁུལ། ། ཁྲོན་ཧྲའན་ཞིང་ཆེན་གཉིས་ཀྱི་གནས་གཞིའི་ས་ཁུལ། ཞང་ཨེ་ཁྲོན་ཆིན་ཞིང་ཆེན་བཞིའི་གནས་གཞིའི་ས་ཁུལ་སོགས་དང་བྲལ་ནས་འཐབ་ཇུས་ཐོག་གི་སྤོ་སྐྱོད་བྱས་ཤིང་། 1935ལོའི་ཟླ་10ཚེས་19ཉིན་ཀྲུང་དབྱང་དམར་དམག་(སྐབས་འདིར་ཧྲའན་ཀན་ཡན་ལག་རུ་ཁག་ཏུ་བསྒྲིགས་པ)ཧྲའན་ཞི་ཞིང་ཆེན་བྱང་རྒྱུད་ཀྱི་ཝུའུ་ཆི་གྲོང་བརྡལ་དུ་འབྱོར་ནས་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་རེད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམར་དམག་གི་གཙོ་ཤུགས་ཧྲའན་ཞི་ཞིང་ཆེན་བྱང་རྒྱུད་དུ་གནས་བཅས་ཏེ་ཀྲུང་གོའི་གསར་བརྗེ་དེ་འགོ་ཚུགས་ས་གསར་པའི་སྟེང་དུ་བྱེད་འགོ་བརྩམས་པ་རེད། 1936ལོའི་ཟླ་10པར་དམར་དམག་ངོས་ཕྱོགས་དཔུང་ཚོགས་དང་པོ་དང་གཉིས་པ། བཞི་པ་བཅས་མཐར་ནུབ་བྱང་རྒྱུད་ཀྱི་ས་སེར་མཐོ་སྒང་དུ་འདུ་འཛོམས་དང་རི་འགོག་རྒྱལ་སྐྱོབ་ཀྱི་མདུན་ཕྱོགས་སུ་འདུ་འཛོམས་བྱས་པ་རེད། ཀྲུང་གོའི་བཟོ་ཞིང་དམར་དམག་གི་འཐབ་ཇུས་ཐོག་གི་སྤོ་སྐྱོད་ལ་དུས་དེ་ནས་ཀྲུང་ཧྭ་མི་རིགས་ལ་དུས་ད་ལྟའི་བར་སྤོབས་པ་སྐྱེ་འོས་པའི་མིང་སྟེ་རྒྱང་སྐྱོད་ཅེས་པ་ཐོབ་པ་རེད། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་དེས་ཀྲུང་གོའི་གསར་བརྗེ་ཉེན་ཁ་ནས་བདེ་བར་འགྱུར་བའི་གནད་འགག་ཆེ་བར་གྱུར་པ་དང་། དམར་དམག་གི་འཐབ་ཇུས་ཐོག་གི་སྤོ་སྐྱོད་ཆེན་པོ་མངོན་འགྱུར་བྱས་ཏེ་ཀྲུང་གོའི་གུང་ཁྲན་ཏང་དང་དམར་དམག་གི་རྐང་འཛིན་སྟོབས་ཤུགས་གསོག་འཇོག་བྱས་པ་དང་སྦྱོང་བརྡར་ཐེབས་པ་མ་ཟད། ལམ་རྒྱུད་དུ་གསར་བརྗེའི་ས་བོན་ཡང་བཏབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།