འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཏང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་ཆེད་པར་ལེན་
    བཟོ་སྐྲུན་བྱས་པའི་དངོས་བཤུས་གློག་བརྙན་ཆེ་གྲས་《དད་པའི་སྟོབས་ཤུགས་》
    ཞེས་པ་གཏོང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་21ཉིན། 16:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་དགུ་བཅུ་གོ་ལྔ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་ཆེད་ཀོང་ཏུང་འཁོར་སྐར་བརྙན་འཕྲིན་ལས་ཁུངས་ཀྱིས་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་སློབ་སྦྱོང་དཔེ་སྐྲུན་ཁང་། མི་དམངས་ཉིན་རེའི་ཚགས་པར་ཁང་གི་མི་དམངས་དྲ་བ། ཀོང་ཏུང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཀོང་ཏུང་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་སོགས་ཀྱི་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ་མཉམ་དུ་པར་ལེན་བཟོ་སྐྲུན་བྱས་པའི་ལེ་ཚན་40ཡོད་པའི་དངོས་བཤུས་གློག་བརྙན་ཆེ་གྲས་《དད་པའི་སྟོབས་ཤུགས་》ཞེས་པ་དེ་ཟླ་6ཚེས་20ཉིན་ནས་ཀོང་ཏུང་འཁོར་སྐར་བརྙན་འཕྲིན་ནས་གཏོང་འགོ་བརྩམས་པ་རེད། 
         《དད་པའི་སྟོབས་ཤུགས་》ཞེས་པའི་བརྙན་འཕྲིན་ཆེ་གྲས་འདིས་ལེ་ཚན་རེར་ཆུ་ཚོད་སྐར་མ་25སྤྱད་དེ་1921ལོ་ནས་2016ལོའི་བར་གྱི་ལོ་95ཡི་དུས་ཡུན་ནང་དུ་དམག་འཁྲུག་གི་མེ་ལྕེ་འུར་འུར་དུ་འབར་ཞིང་ཁྲག་དྲི་བྲོ་བའི་གསར་བརྗེའི་དུས་སྐབས་ནས་སྤོབས་པ་ཆེ་སྐྱེད་དང་སྤྲོ་སེམས་རབ་ཏུ་འབར་བའི་འཛུགས་སྐྲུན་གྱི་དུས་སྐབས་བར་དང་། དེ་ནས་ཟིལ་རླབས་དགུང་དུ་འཕྱུར་བ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བསྒྱུར་བཅོས་ཀྱི་དུས་སྐབས་སུ་ཀྲུང་གོ་གུང་ཁྲན་ཏང་མིའི་མཆོག་ཏུ་གྱུར་པའི་བླ་སྲོག་དང་། གནའ་བོའི་མི་རིགས་ཤིག་གི་དཀའ་སྡུག་ལས་རྣམ་པར་རྒྱལ་ཏེ་འོད་སྟོང་འབར་བའི་རྒྱལ་ཁ་ཐོབ་པའི་དཀའ་སྤྱད་འབད་འཐབ་བྱས་པའི་བྱ་རིམ་ཕྱོགས་ཡོངས་ནས་མཚོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།