འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ལྕགས་ལམ་གྱིས་ནུས་པ་རྒྱ་བསྐྱེད་དང་སྒྱུར་བཀོད་ཀྱི་ལས་གྲྭ་ལག་ལེན་བསྟར་བ།

    བོད་ནས་འགྲོ་འོང་བྱེད་པའི་སྐྱེལ་འདྲེན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་19ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་བོད་ལྕགས་ལམ་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་བོད་ལྕགས་ལམ་གྱིས་གོར་མོ་ནས་ལྷ་ས་བར་གྱི་དུམ་བུའི་ནུས་པ་རྒྱ་བསྐྱེད་དང་སྒྱུར་བཀོད་ལས་གྲྭ་ཉིན་ཤས་གོང་ཁྱོན་ཡོངས་ནས་འགོ་བཙུགས་པ་དང་། ལས་གྲྭས་མེ་འཁོར་བབས་ཚུགས་5གསར་རྒྱག་དང་། མེ་འཁོར་བབས་ཚུགས་6སྒྱུར་བཀོད། བབས་ཚུཌ་ཀྱི་ཁང་པ་5གསར་རྒྱག་བཅས་བྱ་རྒྱུ་ཡིན་པ་དེས་བོད་ནས་འགྲོ་འོང་བྱེད་པའི་མཚོ་བོད་ལྕཌ་ལམ་གྱི་སྐྱེལ་འདྲེན་བྱེད་ཤུཌ་སྔར་བས་ཆེ་རུ་འགྲོ་རེ་ཡོད་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ལས་གྲྭ་འཛུགས་སྐྲུན་བྱེད་སྐབས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་མུ་མཐུད་གལ་ཆེའི་ནང་གི་འགངས་ཆེན་ལ་བརྩི་རྒྱུ་ཡིན་ཞིང་། “གཏོར་བཤིག་ཉུང་ཙམ་དང་སྲུང་སྐྱོང་མང་ཙམ། ཟིང་སློང་ཉུང་ཙམ་དང་འགོག་སྲུང་མང་ཙམ། བཙོག་སྐྱོན་ཉུང་ཙམ་དང་འགོག་བཅོས་མང་ཙམ”བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྕགས་ལམ་ལམ་རྒྱུད་ཀྱི་མཛེས་ལྗོངས་གཏོར་བཤིག་མི་འགྲོ་བའི་འགན་ལེན་བྱས་པ་དང་། ས་ངོས་ཀྱི་ཆུ་དང་ས་འོག་གི་ཆུར་བཙོག་སྐྱོན་མི་ཕོག་པ། སྔོ་ཁེབས་ནུས་ལྡན་ངང་སྲུང་སྐྱོང་བཅས་བྱས་པ་མ་ཟད། ཁོར་ཡུག་སྲུང་སྐྱོང་དང་ཆུ་སྲུང་སྐྱོབ་ཀྱི་སྒྲིག་ཆས་དེ་ལས་གྲྭ་གཙོ་བོ་དང“དུས་གཅིག་ཏུ་འཆར་འགོད་དང་། དུས་གཅིག་ཏུ་ཨར་སྐྲུན། དུས་གཅིག་ཏུ་བེད་སྤྱོད”བཅས་བྱ་རྒྱུ་ཡིན་པ་རེད།
         2006ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་ནས་བཟུང་། བོད་ཀྱི་འཕེལ་རྒྱས་ལ་ཡུན་རིང་ཚོད་འཛིན་ཕོག་པའི་འགྲིམ་འགྲུལ་གྱི་འཇུར་མིག་སེལ་ཡོད། གྲངས་གཞི་ལས་མངོན་པར། 2016ལོའི་ཟླ་5ཚེས་31ཉིན་བར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་བཅུའི་རིང་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར་1.15དང་། དངོས་ཟོག་ཏུན་དུང་ཕྱུར་4.48དབོར་འདྲེན་བྱས་པའི་ཁྲོད་བོད་ནས་འགྲོ་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི་1800.6ཟིན་པ་དང་། བོད་ནས་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི་3192.7ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།