འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་བོད་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་བྱེད་མགྱོགས་སུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་19ཉིན། 15:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་ནུའར་·པའེ་ཁེ་ལིས་ཚེས་16ཉིན་ལྷ་སར“ལོ་ལྔ་ཚན་བཅུ་གསུམ་པའི”རིང་སྣོད་བཅུད་སྔོན་ལ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་རྩ་དོན་འོག་རང་རྒྱལ་གྱིས་བོད་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ནས་བོད་ཀྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་དཔེ་སྟོན་ཁུལ་གཏོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད། བྱ་སྤྱོད་དེས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་ཐུབ་པ་ཙམ་མ་ཟད། ད་དུང་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་འཐབ་ཇུས་གྲབས་གསོག་བྱ་ཤུགས་ཀྱང་ཆེ་རུ་བཏང་ཐུབ་ནས་རྒྱལ་ཁབ་ཀྱི་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་ཐུབ་རྒྱུ་ཡིན་ལུགས་བརྗོད་ཡོད།
         ཚེས་16ཉིན་ལྷ་སར་འཚོགས་པའི་བོད་ཀྱི་ནུས་རྒྱུའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ནུའར་·པའེ་ཁེ་ལིས་ད་དུང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་སྣོད་བཅུད་སྔོན་ལ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་རྩ་དོན་འོག་བོད་ཀྱི་ནང་མཁོའི་ཆུ་གློག་རྣམ་གྲངས་གང་མགྱོགས་སྐྲུན་ནས་ས་གནས་དེ་གའི་ནུས་རྒྱུ་སྤྱོད་པའི་དགོས་མཁོ་དང་བདེ་འཇགས་འགན་ལེན་བྱ་རྒྱུ་དང་། བཟོ་ལྟ་འདྲ་མིན་སྣ་ཚོགས་ཀྱི་ཉི་ནུས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་ནས་གློག་ཤུགས་བདེ་འཇགས་ངང་འཁོར་སྐྱོད་ཐུབ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་འོག་བོད་དུ་འོད་ཤུགས་གློག་ཁང་སྐྲུན་པའི་གཞི་ཁྱོན་ཚོད་འཛིན་མི་བྱ་རྒྱུ་དང་། གཞན་ཡང་དངོས་ཤུགས་ཡོད་མཁན་ཁེ་ལས་ཀྱིས་ཡུལ་བབ་དང་བསྟུན་ནས་བོད་ཀྱི་ཕུན་སུམ་ཚོགས་པའི་ས་འོག་ཚ་ནུས་ཐོན་ཁུངས་གསར་སྤེལ་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ལུགས་བརྗོད་ཡོད།
         བོད་ཀྱི་ཆུ་ཤུགས་ཐོན་ཁུངས་ཀྱི་རིགས་པའི་གཞུང་ལུགས་གསོག་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། དུས་མཚུངས་གོ་ལ་ཧྲིལ་པོའི་ཉི་ནུས་ནུས་རྒྱུ་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྲས་ཤིག་ཀྱང་ཡིན། ཀྲུང་དབྱང་དང་བོད་ཀྱིས་བོད་འདི་ཉིད་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་དང“ནུབ་གློག་ཤར་སྐྱེལ”གྱི་མཇུག་མཐུད་རྟེན་གཞིར་བརྩིས་ནས་འཛུགས་སྐྲུན་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འབྲེལ་ཡོད་སྡེ་ཚན་གྱིས་གོར་མོ་ནས་ལྷ་ས་བར་གྱི་མཚོ་བོད་སྣུམ་རླངས་མདོང་ལམ་བསྐྲུན་རྒྱུ་ཞིབ་འཇུག་དང་གསར་སྐྲུན་བྱས་ནས་མང་ཚོགས་ཚོས་ཕན་ཆེའི་ནུས་རྒྱུ་གཙང་མ་སྤྱོད་ཐུབ་པ་བྱ་རྒྱུ་རེད། ཕྱོགས་ཡོངས་ནས་བོད་ཀྱི་གློག་དྲ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་སྲིད་ཇུས་སྤྱད་དེ“ལོ་ལྔ་ཚན་བཅུ་གསུམ་པའི”ལོ་མཇུག་ཏུ་རྫོང་གྲོང་ཚང་མར་ཁྱབ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
          གྲངས་གཞི་ལས་མངོན་གསལ། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཀྱི་གློག་སྤྱོད་སྟོན་རྟགས་ཁག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་ནུས་རྒྱུའི་ཐད་ཀྱི་འཛད་སྤྱོད་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། ན་ནིང་གི་ལོ་མཇུག་བར་བོད་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་འདོན་པའི་གློག་ཤུགས་དང་གློག་འདོན་ཚད་2010ལོ་ལས་136%དང་75%སོ་སོར་འཕར་ཡོད་པ་དང་། གློག་དྲ་གཙོ་བོ་ཁྱབ་ཁྱོན་2010ལོའི་རྫོང(ཆུས)32ནས་རྫོང(ཆུས)58བར་རྒྱ་ཆེར་ཕྱིན་པ། གློག་མཁོ་སྤྲོད་བྱེད་ཚད་ཀྱི་མི་འབོར་དེ་2010ལོ་ལས་33.2%འཕར་ཡོད་པ། ནུས་རྒྱུ་གཙང་མའི་འཛད་སྤྱོད་ཀྱི་བསྡུར་གྲངས་དེ་2010ལོའི་31.9%ནས་43.3%བར་མཐོ་རུ་ཕྱིན་ཡོད།
         ལས་རིགས་ནང་ཁུལ་གྱི་མི་སྣས། འབྱུང་འགྱུར་བོད་ཀྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་རྒྱུར་ཐོན་ཁུངས་ལེགས་ཆ་ལྡན་པས་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་འབོར་ཆེན་ཐོན་ངེས་ཡིན་པའི་ངོས་འཛིན་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།