འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱིས་བོད་འབྲེལ་གནད་དོན་སྤྱད་ནས་ཀྲུང་གོའི་
    ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་སྐུལ་ལྕག་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་17ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱིས་བོད་འབྲེལ་གནད་དོན་སྤྱད་ནས་ཀྲུང་གོའི་
ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་སྐུལ་ལྕག་བཏང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་16ཉིན་ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ཨ་རི་ཕྱོགས་ཀྱིས་བོད་འབྲེལ་གནད་དོན་སྤྱད་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་བཞག་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་ཁྱོན་ཡོངས་སྲུང་སྐྱོང་བྱ་དགོས་ཞེས་སྐུལ་ལྕག་བཏང་བ་རེད།
         ཉིན་དེར་འཚོགས་པའི་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་6ཚེས་15ཉིན་ཨ་རིའི་ཙུང་ཐུང་ཨའོ་པ་མས་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་དང"མི་སྒེར་གྱི་ཐུག་འཕྲད"བྱས་ཤིང་། ཨའོ་པ་མས་བོད་ལྗོངས་ཀྱི་ཆོས་ལུགས་དང་རིག་གནས་བྱ་གཞག་གོང་དུ་འཕེལ་བར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བསྟན་པ་རེད། གནས་ཚུལ་འདི་ལ་ཀྲུང་གོ་ཕྱོགས་ཀྱིས་དཔྱད་བརྗོད་ཇི་ལྟར་བྱེད་ཀྱི་ཡིན་ཞེས་དྲི་བ་བཏོན་པ་རེད།
    ལུ     འུ་ཁང་གིས་བོད་ལྗོངས་ཀྱི་ལས་དོན་ནི་ཀྲུང་གོའི་ནང་སྲིད་འབའ་ཞིག་ཡིན་པས། ཕྱིའི་རྒྱལ་ཁབ་གང་ཞིག་ལའང་ཐེ་གཏོགས་བྱེད་དབང་མེད། ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་ནི་ཆོས་ལུགས་མི་སྣ་ཁོ་ན་མ་ཡིན་པར། ཁོས་དུས་ཡུན་རིང་པོར་ཆོས་ལུགས་ཀྱི་ཕྱི་གོས་གྱོན་ནས་ཀྲུང་གོར་ངོ་རྒོལ་དང་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་མཁན་ཆབ་སྲིད་ཀྱི་ཡུལ་འཁྱར་པ་ཞིག་ཡིན་ཞིང་། ཁོས་བཏོན་པའི"དབུ་མའི་ལམ"ཞེས་པའི་འདོད་བློའི་ངོ་བོ་ནི"བོད་རང་བཙན"བྱ་རྒྱུ་དེ་རེད། ཨ་རི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པར་ཐུག་འཕྲད་བྱེད་པའི་ཐད་བྱ་ཐབས་གང་ཞིག་སྤྱོད་རུང་། ཚང་མ་ཨ་རི་ཕྱོགས་ཀྱིས་བོད་ལྗོངས་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་བླངས་ཤིང་། "བོད་རང་བཙན"ལ་རྒྱབ་སྐྱོར་མི་བྱེད་པ་དང་། ཀྲུང་གོ་ཁ་བྲལ་གཏོང་བའི་བྱ་ངན་ལ་རྒྱབ་སྐྱོབ་མི་བྱེད་ཅེས་པའི་སྐོར་གྱི་དམ་བཅའ་བཞག་པ་ལས་འགལ་བ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱས་པ་དང་། ཀྲུང་ཨ་རྒྱལ་ཁབ་གཉིས་བར་ཕན་ཚུན་ཡིད་ཆེས་དང་མཉམ་ལས་བྱ་རྒྱུར་གནོད་པ་ཞིག་རེད་ཅེས་བརྗོད་པ་རེད།
         ལུའུ་ཁང་གིས"ང་ཚོས་ཨ་རི་ཕྱོགས་ཀྱིས་བོད་འབྲེལ་གནད་དོན་སྤྱད་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་བཞག་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་ཁྱོན་ཡོངས་སྲུང་སྐྱོང་བྱ་དགོས་པའི་སྐུལ་ལྕག་གཏོང་གི་ཡིན"ཞེས་བརྗོད་པ་རེད། 
         ལུའུ་ཁང་གིས"ཀྲུང་གོའི་བོད་ལྗོངས་ཀྱི་གནས་ཚུལ་སྐོར་ཀྲུང་གོའི་མི་དམངས་ལ་གཏམ་བཤད་དབང་ཆ་ཆེ་ཤོས་ཡོད།" བོད་ཞི་བས་བཅིངས་འགྲོལ་ཐོབ་ནས་ལོ་ངོ་60ལྷག་འཁོར་བའི་རིང་བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་ཐོབ་པ་དང་། སྤྱི་ཚོགས་དང་དཔལ་འབྱོར་ལ་འཕེལ་རྒྱས་མགྱོགས་མྱུར་བྱུང་ཡོད་པ་འདི་ནི་ཆབ་སྲིད་ཀྱི་ཕྱོགས་ཞེན་གྱི་ལྟ་བ་བཟུང་མེད་པའི་སྐྱེ་བོ་སུ་ཞིག་གིས་ཀྱང་ཁས་ལེན་བྱེད་ངེས་ཡིན་པའི་གཞི་རྩའི་དོན་དངོས་ཡིན་ཞེས་བསྟན་པ་དང་། ཁོང་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བློ་རྩ་སྲ་བརྟན་འགྱུར་མེད་ཡིན་པས། བོད་འབྲེལ་གྱི་གནད་དོན་སྤྱད་ནས་སྐྱོན་འཚོལ་སྒྲོ་འདོགས་བྱེད་བསམ་པ་དང་། ཀྲུང་གོའི་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་གཏོང་བསམ་པའི་གཡོ་ཇུས་གང་དང་གང་ཞིག་ཡིན་རུང་ཚང་མ་ངལ་བ་འབྲས་མེད་ཡིན་ཞེས་བརྗོད་པ་རེད།
         ལུའུ་ཁང་གིས"ཁྱོད་ཀྱིས་བཏོན་པའི་བོད་ལྗོངས་ཀྱི་ཆོས་ལུགས་དང་རིག་གནས་བྱ་གཞག་སྐོར། ང་རང་གིས་བསམས་ན་བོད་ཞི་བས་བཅིངས་འགྲོལ་ཐོབ་པའི་སྔོན་རྗེས་བོད་ལྗོངས་ཀྱི་ཆོས་ལུགས་དང་རིག་གནས་ཀྱི་གནས་ཚུལ་ཕན་ཚུན་དཔྱད་བསྡུར་ཞིག་བྱས་པ་ཙམ་གྱིས་དོན་དངོས་གཙིགས་ཆེར་འཛིན་མཁན་སུ་ཞིག་གིས་ཀྱང་དོན་དངོས་དང་མཐུན་པའི་བརྡར་ཤ་གཅོད་ངེས་རེད"ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།