འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཞིང་ཆེན་དུ་མཚེ་མ་ལུས་འབྱར་མ་ཞིག་བདེ་བླག་ངང་སོ་སོར་ཕྱེ་བ་དང་
    ཕྲུ་གུ་གཉིས་ཀ་གསོན་པོ་གནས་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་17ཉིན། 15:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཀན་སུའུ་ཞིང་ཆེན་དུ་མཚེ་མ་ལུས་འབྱར་མ་ཞིག་བདེ་བླག་ངང་སོ་སོར་ཕྱེ་བ་དང་
ཕྲུ་གུ་གཉིས་ཀ་གསོན་པོ་གནས་ཐུབ་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་གིས་ལེགས་འགྲུབ་ངང་མཚེ་མ་བྲང་ཁོག་འབྱར་མ་ཞིག་གི་ལས་པོ་སོ་སོར་འབྱེད་པའི་གཤག་བཅོས་བྱས་པ་དང་། གཤག་བཅོས་བྱས་རྗེས་ཕྲུ་གུ་གཉིས་ཀ་གསོན་པོར་གནས་ཡོད་པ་རེད། མཚམས་སྦྱོར་བྱས་པ་ལྟར་ན། མཚེ་མ་ལུས་འབྱར་མ་ནི་རྙོག་འཛིང་ཆེ་ཞིང་མཐོང་དཀོན་པའི་ཕྲུ་གུ་དམར་འབྱར་ཡ་མ་གཟུགས་ཀྱི་རིགས་ཤིག་ཡིན་ཞིང་། ལུས་པོ་སོ་སོར་འབྱེད་རྒྱུའི་གཤག་བཅོས་ནི་གསོ་རིག་ལས་རིགས་སུ་མི་ཚང་མས་ཁས་བླངས་པའི་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཆེ་བའི་གཤག་བཅོས་ཞིག་ཡིན་པ་དང་། མིག་སྔར་རྒྱལ་ནང་གི་མཚེ་མ་ལུས་འབྱར་མ་སོ་སོར་འབྱེད་པའི་གཤག་བཅོས་བྱས་ཚུལ་ལ་བལྟས་ན། མང་ཆེ་བ་ནི་ཕྲུ་གུ་གཅིག་གསོན་པོར་གནས་ཐུབ་པ་ཡིན་པ་ལས་ལུས་པོ་སོ་སོར་ཕྱེ་རྗེས་ཕྲུ་གུ་གཉིས་ཀ་གསོན་པོར་གནས་ཐུབ་པ་ནི་མཐོང་རྒྱུ་ཧ་ཅང་དཀོན་པོ་རེད།
    ༄༅།།ཀན་སུའུ་ཞིང་ཆེན་དུ་མཚེ་མ་ལུས་འབྱར་མ་ཞིག་བདེ་བླག་ངང་སོ་སོར་ཕྱེ་བ་དང་
ཕྲུ་གུ་གཉིས་ཀ་གསོན་པོ་གནས་ཐུབ་པ།
      

    ཕྱོགས་བསྡུས་གསར་འགྱུར།