འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སྨན་བཅོས་འགན་ལེན་དང་རོགས་སྐྱོབ་བྱ་རྒྱུར་སྐུལ་འདེད་བཏང་ནས་དབུལ་སྒྲོལ་
    འགག་སྒྲོལ་ཐད་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། 25ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས་《མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་ལེན་དང་རོགས་སྐྱོབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་བྱ་སྤྱོད་འཆར་གཞི་》བཟོས་པའི་དམིགས་ཡུལ་ནི་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་སྨན་བཅོས་འགན་ལེན་ཆུ་ཚད་མཐོ་རུ་བཏང་ནས་ནད་ཀྱིས་རྐྱེན་པས་དབུལ་པོར་འགྱུར་བ་དང་ནད་ཀྱིས་རྐྱེན་པས་བསྐྱར་དུ་དབུལ་པོར་འགྱུར་བའི་སྣང་ཚུལ་ཐོན་རྒྱུ་སྔོན་འགོག་ནུས་ལྡན་བྱ་ཆེད་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 《མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་ལེན་དང་རོགས་སྐྱོབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་བྱ་སྤྱོད་འཆར་གཞི་》དེས“གཅིག་འཐུས་རྣམ་པའི”འཕྲལ་དུ་རྩིས་རྒྱག་པ་དང་མ་དངུལ་སྤྲོད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་གཞི་ཚུགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་གཞི་ཚབས་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས“སྨན་བཅོས་འགན་བཅོལ་གསུམ”ལག་ལེན་བསྟར་ནས་ཞིང་ཆེན་དེ་ཡོངས་ཀྱི་རྫོང་(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན་)དབུལ་པོ་42དང་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་1622ཀྱི་མི་འབོར་དབུལ་པོ་ཁྲི་52ལ་སྨན་བཅོས་འགན་ལེན་དང་རོགས་སྐྱོབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་བྱ་སྤྱོད་ལག་ལེན་བསྟར་རྒྱུ་ཡིན་ཞིང་། བྱེད་ཐབས་ཁག་བཞི་གསལ་བཟོ་བྱས་པ་སྟེ། མི་འབོར་དབུལ་པོ་སྨན་པ་བསྟེན་སྐབས“ཆག་ཡང་གཅིག་དང་རྩ་ཆག་བདུན”དང་སྨན་བཅོས་གནད་སྨིན་དབུལ་སྐྱོར“ཁྱབ་པ་བཅུ”ལག་ལེན་བསྟར་ཏེ་མི་འབོར་དབུལ་པོའི་སྨན་པ་བསྟེན་པའི་ཁུར་པོ་ཡང་དུ་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་མ་ལག་འཐུས་ཚང་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་མ་དངུལ་གྲབས་གསོག་དང་གྲོན་དངུལ་འཇལ་བའི་ལམ་སྲོལ་འཐུས་ཚང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་གྱི་གཅིག་འདོམས་ཆུ་ཚད་མཐོ་རུ་བཅས་བཏང་ནས་སྨན་པ་བསྟེན་སྐབས་འཕྲལ་དུ་རྩིས་རྒྱག་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ། མི་འབོར་དབུལ་པོ་འགན་བཅོལ་ཁྲོད་ཞུགས་པའི་ཆེད་དོན་རོགས་དངུལ་སྤྲོད་པའི་སྲིད་ཇུས་ལག་ལེན་བསྟར་ཏེ་མི་འབོར་དབུལ་པོ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་སྐབས་མི་སྒེར་གྱིས་འཇལ་བའི་གྲོན་དངུལ་དེ་དམངས་སྲིད་སྡེ་ཚན་གྱིས་རིམ་ཁག་ནོར་སྲིད་ཀྱིས་བཀོད་སྒྲིག་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་མ་དངུལ་ཁྲོད་ནས་བཏོན་ཏེ་མི་འབོར་དབུལ་པོ་ཚང་མ་འགན་བཅོལ་ཁྲོད་ཞུགས་པ་དང་འབྲེལ་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པའི་འགན་ལེན་བྱ་རྒྱུ། མི་འབོར་དབུལ་པོའི་ནད་གཞི་ཚབས་ཆེན་སྒོ་བསྟེན་སྨན་བཅོས་ཀྱི་རོགས་སྐྱོབ་སྲིད་ཇུས་དང་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱེད་པའི་རོགས་སྐྱོབ་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།