འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཟ་ཁང་སོགས་འདུ་གནས་4པོའི་འཕྲོད་བསྟེན་ཆོག་འཐུས་ལག་ཁྱེར་མེད་པ་བཟོ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་25ཉིན། 09:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམས་ནས་བཟའ་བཏུང་ཞབས་ཞུ་ཁང་གི་སྤྱི་དམངས་འདུ་འཛོམས་བྱ་ཡུལ་གྱི་འཕྲོད་བསྟེན་ཆོག་འཐུས་ལག་ཁྱེར་དང་བཟའ་བཅའ་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་བསྡུ་སྒྲིལ་ལེགས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
          བླང་བྱ་གཞིར་བཟུང་ས་གནས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་སྡེ་ཚན་གྱིས་ཟ་ཁང་དང་། ཀོག་ཧྥེའི་ཁང་། ཨར་ཁང་། ཇ་ཁང་སོགས་སྤྱི་མང་འདུ་འཛོམས་བྱ་ཡུལ་རིགས་4ལ་སྤྲད་པའི་འཕྲོད་བསྟེན་ཆོག་འཐུས་ལག་ཁྱེར་མེད་པ་བཟོ་རྒྱུ་དང་འབྲེལ་ཡོད་ཀྱི་བཟའ་བཅའི་བདེ་འཇགས་ཆོག་འཐུས་ནང་དོན་དེ་དག་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་སྤྲད་པའི་བཟའ་བཅའ་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་ནང་བསྡུ་སྒྲིལ་བྱས་ཏེ། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གཅིག་པུས་ཆོག་འཐུས་དང་གཅིག་གྱུར་ལྟ་སྐུལ་དོ་དམ་བྱས་ནས་བཟའ་བཏུང་ཁེ་ལས་ལ་ལྟ་སྐུལ་དོ་དམ་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱ་རྒྱུ་རེད། ས་གནས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་སྡེ་ཚན་གྱིས་གོང་གསལ་གྱི་འདུ་གནས་རིགས་4པོའི་འཕྲོད་བསྟེན་ཆོག་འཐུས་རེ་ཞུ་བདག་སྤྲོད་བྱེད་མཚམས་འཇོག་རྒྱུ་དང་བདག་སྤྲོད་བྱས་ཟིན་པར་ཞིབ་མཆན་འགོད་མཚམས་འཇོག་རྒྱུ་རེད། ས་གནས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་སྡེ་ཚན་གིས་གོང་གསལ་གྱི་འདུ་གནས་རིགས་4པོའི་འཕྲོད་བསྟེན་ཆོག་འཐུས་ལག་ཁྱེར་ཐོ་ཁོངས་ནས་སུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།