འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་ལེ་དབར་ཁྲིར་བསྐྱོད་པའི་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་25ཉིན། 09:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར“མུ་མཐུད་མདུན་དུ་སྐྱོད”ཅེས་པའི་2016ལོའི་ལེ་དབར་ཁྲིར་བསྐྱོད་པའི་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་པེ་ཅིང་དུ་དངོས་སུ་འགོ་བཙུགས་ཤིང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་མི་ཤུགས་ལྟེ་གནས་དང་ཀྲུང་གོ་ལུས་རྩལ་ལས་གཉེར་དོ་དམ་ལས་ཁུངས་ཀྱིས་2016ལོ་ནས་2020ལོ་བར་གྱི་དུས་འཁོར་གསར་པར་ལོ་ལྔའི་མཉམ་ལས་འགོ་འཛུགས་རྒྱུ་ཡིན་པ་དང་། ཀྲུང་གོ་ལུས་རྩལ་ལས་གཉེར་དེ“ལེ་དབར་ཁྲིར་བསྐྱོད་པའི་དམངས་ཡོངས་ཀྱི་ལུས་སྦྱོང”བྱེད་སྒོའི་མ་འོངས་ལོ་ལྔའི་ལས་གཉེར་ཁྱབ་གདལ་ཚན་པ་འབའ་ཞིག་དེ་ཡིན་པ་དང་དུས་མཚུངས། ཅཱ་ཁང་ལིད་(ཀྲུང་གོ)ཉེར་སྤྱོད་མཁོ་ཆས་ཚད་ཡོད་ཀུང་སི་དེ་ལེ་དབར་ཁྲིར་བསྐྱོད་པའི་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོའི་2016ལོ་ནས་2020ལོ་བར་གྱི་མིང་བཀོད་པའི་རོགས་སྐྱོར་དང་མཉམ་ལས་བྱེད་མཁན་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།