འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་རེབ་གོང་སྒྱུ་རྩལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་24ཉིན། 15:53】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་རེབ་གོང་སྒྱུ་རྩལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ།
         རེབ་གོང་སྒྱུ་རྩལ་ནི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་གྲུབ་མཐའ་གལ་ཆེན་ཞིག་ཡིན་ལ། དེར་ཐང་ག་དང་། འཚེམ་དྲུབ། བཟོ་བཀོད་རྒྱན་རིས། མར་རྒྱན་སོགས་ཀྱི་སྒྱུ་རྩལ་རྣམ་པ་སྣ་ཚོགས་ཡོད་པ་རེད། དེ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གི་རོང་བོ་དགུ་ཆུའི་འགྲམ་རྒྱུད་ཀྱི་ས་གནས་རེབ་གོང་ལས་བྱུང་བས་སྒྱུ་རྩལ་གྱི་མིང་ལ་ཡང་རེབ་གོང་སྒྱུ་རྩལ་ཞེས་ཆགས་པ་རེད། ཉེ་བའི་ལོ་འགའི་རིང་དུ་ཐུན་རིན་རྫོང་གིས་རེབ་གོང་སྒྱུ་རྩལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ས་གནས་དེ་གའི་བོད་རིགས་མང་ཚོགས་དང་འབྲེལ་ཡོད་ལས་གཉེར་མི་སྣ་ཁྲི་2ལས་བརྒལ་བར་ཕྱུག་འགྱུར་གྱི་ལམ་བུ་བསྐྲུན་པ་རེད། མིག་སྔར་རེབ་གོང་གི་སྒྱུ་རྩལ་ཐོན་ལས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2.5ཟིན་ཡོད་པ་རེད། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་བཟོ་རྩལ་མཛེས་རྩལ་དགེ་རྒན་ཆེ་མོ་ཆོས་གྲགས་ཀྱིས་སློབ་མ་སྙིང་མོ་མཁར་ལ་རི་མོའི་འབྲི་རྩལ་འཁྲིད་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།