འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ནུབ་རྒྱུད་ཀྱི"རྨས་སྐྱོན་ཚབས་ཆེན་ཕོག་པའི་ས་ཁོངས་རང་བཞིན་གྱི་སྲོག་སྐྱོབ་མ་ལག་
    འཛུགས་སྐྲུན"རྣམ་གྲངས་ཐོག་མ་དེ་ཚོད་ལྟ་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་25ཉིན། 09:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་20ཉིན་སློབ་གསོ་པུའི་ཀྲུང་གོ་རྨས་སྐྱོན་གསོ་རིག་གི“ལོ་ལྔ་ཚན་བཅུ་གསུམ་པའི”ཞིབ་འཇུག་རྣམ་གྲངས་ཏེ"རྨས་སྐྱོན་ཚབས་ཆེན་ཕོག་པའི་ས་ཁོངས་རང་བཞིན་གྱི་སྲོག་སྐྱོབ་མ་ལག་འཛུགས་སྐྲུན"རྣམ་གྲངས་ཀྱི་ཚོད་ལྟ་དེ་ཀུའེ་ཀྲོའུ་ཞིང་ཆེན་དུང་རེན་གྲོང་ཁྱེར་ཧྲི་ཆན་རྫོང་དུ་བྱེད་འགོ་ཚུགས་པ་རེད།
         རྣམ་གྲངས་ཀྱི་འགན་འཁུར་བ་ཝང་ཐེན་པིང་གིས་གོང་ཚེས་ཉིན་འཚོགས་པའི་སྤེལ་འགོ་ཚུགས་པའི་མཛད་སྒོའི་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་ས་ཁོངས་རང་བཞིན་གྱི་རྣམ་གྲངས་ཐོག་མ་དེ་རེད། ཧྲི་ཆན་རྫོང་མི་དམངས་སྨན་ཁང་ལྟེ་བར་བྱས་ནས་ཚོད་ལྟ་བྱེད་པ་དང་། ཤང་དང་གྲོང་རྡལ་18ཀྱིས་མཉམ་འབྲེལ་ཐོག་དྲ་མིག་ཅན་གྱི་ས་ཁོངས་སྐྱོབ་བཅོས་སྟེགས་བུ་བཙུགས་ནས་རྫོང་སྨན་ཁང་དང་ཤང་དང་གྲོང་རྡལ་ཁག་དང་དེ་བཞིན་རྨས་སྐྱོན་གྱི་དོན་རྐྱེན་ཐོན་ཡུལ་གྱི་དྲ་མིག་མཉམ་འགུལ་ཞིག་ཆགས་པ་བྱ་རྒྱུ་དང་། མྱུར་སྐྱོབ་མི་སྣས་ངོས་ལེབ་གློག་ཀླད་དམ་ཡང་ན་རིག་ནུས་ལག་ཐོགས་ཁ་པར་བརྒྱུད་སྐྱོབ་བཅོས་བྱ་ཡུལ་དང་ཤང་དང་གྲོང་རྡལ་གྱི་གཞི་རིམ་སྨན་ཁང་གི་སྐྱོབ་བཅོས་ས་ཚིགས་ནས་རྨས་མའི་གནས་ཚུལ་དུས་ཐོག་ཏུ་རྫོང་སྨན་ཁང་མྱུར་སྐྱོབ་ལྟེ་གནས་སུ་བརྒྱུད་བསྐུར་བྱས་ནས་རྫོང་སྨན་ཁང་གིས་མྱུར་སྐྱོབ་ལས་དོན་སྔོན་ལ་གྲ་སྒྲིག་བྱེད་ཆོག་གི་ཡོད།
         རྣམ་གྲངས་དེའི་ནང་བེད་སྤྱོད་བྱས་པའི“EMSརྨས་སྐྱོན་ཚབས་ཆེན་ཕོག་པའི་སྐྱོབ་བཅོས་མཉམ་འགུལ་མ་ལག”ནང“དྲ་སྦྲེལ+དང་གོང་རིམ་སྨན་བཅོས་སྒྲིག་གཞིའི་རྒྱང་རིང་སློབ་སྟོན”གྱི་བྱེད་སྟངས་སྤྱད་དེ་དྲ་མིག་ཅན་གྱི་ས་ཁོངས་རང་བཞིན་གྱི་སྐྱོབ་བཅོས་སྟེགས་བུ་བཏོད་ཡོད། མིག་སྔར། ཞིབ་འཇུག་བྱས་པའི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། རྣམ་གྲངས་ལག་བསྟར་མ་བྱས་གོང་དང་ལག་བསྟར་བྱས་རྗེས་ཀྱི་རྨས་མ་ཆ་སྙོམས་སྐྱོབ་པའི་དུས་ཚོད་དེ་སྐར་མ་91.07ནས་སྐར་མ་40.76བར་ཐུང་དུ་ཕྱིན་པ་དང་། རྨས་སྐྱོན་ཚབས་ཆེན་ཕོག་པའི་ནད་པ་ཤི་ཚད་དེ་33.82%ནས་20.49%བར་དམའ་རུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།