འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སྔོ་ལྗང་རི་ཆུ་ཀླུང་གསུམ་ནམ་ཡང་གནས་པར་གྱུར་ཅིག

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་15ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྔོ་ལྗང་རི་ཆུ་ཀླུང་གསུམ་ནམ་ཡང་གནས་པར་གྱུར་ཅིག
         མི་དམངས་དྲ་བའི་འཕྲིན། སྣོད་བཅུད་ཁོར་ཡུག་བརྗེ་པོ་རྒྱག་ཐབས་མེད་པས་རང་ལ་ཡོད་དུས་གཅེས་འཛིན་བྱེད་དགོས། 2016ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་འཐུས་མི་དང་ཨུ་ཡོན་རྣམ་པས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་ཀྱིས་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་འཇགས་རྒྱུར་སྐུལ་འདེད་དང་། མཉམ་དུ་མི་དམངས་ཕྱུག་འགྱུར་དང་། རྒྱལ་ཁབ་སྟོབས་ཆེན། མཛེས་པའི་ཀྲུང་གོ་བཅས་ལ་སྐུལ་འདེད་གཏོང་རྒྱུར་ཐབས་དང་ཇུས་བཏོན་གནང་བ་དང་གྲོས་བསྡུར་འཁྲུག་པོ་གནང་། གོང་གི་པར་རིས་ལས་གཡས་ཕྱོགས་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲང་ཧའེ་ཞ་ཡིས་ཀན་སུའུ་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་མདོ་ལ་རིང་མོའི་ས་ཁུལ་གྱི་རྩྭ་རའི་ཐོག་ཕྱུགས་འཚོ་མི་ཆོག་པའི་གཞི་ཁྱོན་ཆེ་རུ་བཏང་ནས་རྨ་ནུབ་ས་ཁུལ་གྱི་ཉམས་ཞན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་རེ་ཡོད་ཅེས་གསུངས་བཞིན་པ་དང་གཡོན་ཕྱོགས་ནི་2015ལོའི་ཟླ་7ཚེས་5ཉིན་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་རྫོང་ཕ་ཁྲི་གྲོང་རྡལ་མདོ་ལ་རིང་མོའི་ཁུལ་དེ་ཡག་ཐང་རྩྭ་ཐང་ཐོག་རྩྭ་ཆུར་རོལ་བའི་ལུག་ཁྱུ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།