འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།འབོ་གསེར་དངུལ་ཁང་གིས་འབོ་གསེར་རྒྱལ་ཁབ་ལ་ཕྱོགས་པའི་གདན་ཞུ་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་16ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་སྲིད་གཞུང་དང་གན་རྒྱ་བཞག་པའི་སྤྱི་ཁྱབ་པུའི་གྲོས་དོན་ཆོད་ཡིག་དང་ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་དང་གན་རྒྱ་བཞག་པའི་བསམ་ཤེས་བརྗེད་ཐོ་གཞིར་བཟུང་འབོ་གསེར་རྒྱལ་ཁབ་ཀྱི་འཕེལ་རྒྱས་གསར་པའི་དངུལ་ཁང་གིས་ཁོངས་མིའི་རྒྱལ་ཁབ་ནང་ཤེས་ལྡན་མི་སྣ་གདན་ཞུའི་བྱ་རིམ་དངོས་སུ་སྤེལ་འགོ་ཚུགས་པ་རེད། འབོ་གསེར་རྒྱལ་ཁབ་ནས་ཡོང་བའི་ཤེས་ལྡན་མི་སྣས་འཕེལ་རྒྱས་གསར་པའི་དངུལ་ཁང་གི་གཞུང་ཕྱོགས་དྲ་ཚིགས་ཀྱི“ལས་གནས”རྣམས་གྲངས་ནང་རེ་ཞུ་འབུལ་ཆོག
         ངོ་སྤྲོད་བྱས་པར་གཞིགས་ན། འཕེལ་རྒྱས་གསར་པའི་དངུལ་ཁང་གིས་རྩེར་སོན་གྱི་ལམ་ལུགས་དང་། མཉམ་ལས། འབྲས་བུ་བཅས་ལ་བརྟེན་པ་དང་རྩ་འཛུགས་ཀྱི་ལས་ཕྱོད་ཀ་རྟེན་དུ་བྱེད་པའི་སྣ་མང་ཅན་གྱི་ལས་ཀའི་ཁོར་ཡུག་ཅིག་གཏོད་རྒྱུར་ཤུགས་བརྒྱབ་ཡོད། འཕེལ་རྒྱས་གསར་པའི་དངུལ་ཁང་གིས་སྔོན་རྩིས་བྱས་ན་2016ལོའི་ལོ་མཇུག་གོང་དུ་ལས་གནས་100གདན་ཞུ་བྱེད་རྩིས་ཡོད་པ་རེད། སྒོ་དབྱེ་བྱས་པའི་ལས་གནས་ཚང་མ་རིམ་པ་བཞིན་དངུལ་ཁང་དྲ་ཚིགས་ཐོག་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་དང་མིག་སྔར། དངུལ་ཁང་གིས་ཁྱོན་ཏུང་ཧྲི་དང་ཅིང་ལི་རིམ་པའི་མཐོ་རིམ་དོ་དམ་ལས་གནས་11རེ་ཞུ་བྱ་རྒྱུ་ཡིན་པར་ལས་གནས་དེ་དག་གི་འབྲེལ་ཡོད་ཁྱབ་ཁོངས་ནང་རྣམ་གྲངས་ཀྱི་མ་དངུལ་མཉམ་བསྡུ་དང་། ཉེན་ཁའི་དོ་དམ། གླིང་ཆེན་ཨ་ཧྥེ་རི་ཁའི་ས་ཁོངས་ཀྱི་ལྟེ་གནས། སྲིད་འཛིན་དོ་དམ། བཅའ་ཁྲིམས་བློ་འདྲི། ཀྲུའུ་ཞིའི་གཞུང་དོན་ཁང་། དྲུང་ཡིག་གཞུང་དོན་ཁང་། སྲོལ་མཐུན། མི་ཤུགས་ཐོན་ཁུངས། ནོར་སྲིད་དང་མ་འཇོག་མཉམ་སྡེབ་ཀྱི་དངུལ་རྩ་དོ་དམ། དེ་བཞིན་སྔོན་རྩིས་དང་རྩིས་གཉེར་སྡེ་ཚན་བཅས་ཚུད་ཡོད། འཕེལ་རྒྱས་གསར་པའི་དངུལ་ཁང་ལ་གསར་གཏོད་ཁོངས་མིའི་རྒྱལ་ཁབ་ནས་དམིགས་བསལ་གྱི་རྒྱལ་སྤྱིའི་བཅའ་ཁྲིམས་གནས་བབ་ཐོབ་པར་བརྟེན་དངུལ་ཁང་དེས་འགྲན་རྩོད་རང་བཞིན་གྱི་ཁྲལ་མེད་གླ་ཕོགས་དང་དེ་བཞིན་འཐུས་ཚང་གི་ཕན་བདེའི་ཐོབ་ཐང་སྤྲོད་ཆོག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།