མི་དམངས་དྲ་བ།

༄༅།།ཡུས་ཀྲེང་ཧྲེང་གིས་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་སྤེལ་མཁན་ཚོར་གཟིགས་ཞིབ་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་15ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཡུས་ཀྲེང་ཧྲེང་གིས་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་སྤེལ་མཁན་ཚོར་གཟིགས་ཞིབ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་མི་དམངས་ཚོགས་ཁང་ཆེ་མོ་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོཊ་ཐེངས་བཞི་བའི་གསར་འགྱུར་སྤེལ་གཏོང་གི་ཀྲུང་དབྱང་གཙོ་ཆེའི་གསར་འགྱུར་སྨྱན་སྦྱོར་གྱི་འགན་ཁུར་བློ་མཐུན་དང་གསར་འགོད་པའི་འཐུས་མི་ཚོར་མཇལ་འཕྲལ་གནང་ནས་ཐེངས་འདིའི་ཚོཊ་ཆེན་གྱི་གསར་འགྱུར་སྤེལ་འགོད་བྱས་པའི་གསར་འགོད་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་ཐུཊ་རྗེ་ཆེ་ཞུས་པ་རེད།
         རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་མཇུག་སྒྲིལ་རྗེས། ཡུས་ཀྲེང་ཧྲེང་ཧུའུ་ནན་ཚོམས་ཁང་དུ་ཕེབས་ནས་མི་དམངས་ཉིན་རེའི་ཚགས་པར་ཁང་དང་ཤིན་ཧྭ་གསར་འགྱུར་ཁང་། འོད་ཟེར་ཉིན་རེའི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར། ཀྲུང་གོ་ཉིན་རེའི་ཚགས་པར། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ཁང་། ཀྲུང་གོ་རྒྱལ་སྤྱིའི་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སོགས་ཀྱི་ཀྲུང་དབྱང་གི་གསར་འགྱུར་སྨྱན་སྦྱོར་གྱི་འགན་ཁུར་བློ་མཐུན་དང་གསར་འགོད་པའི་འཐུས་མི་ཚོར་རེ་རེ་བཞིན་ཕྱག་འཇུ་གནང་ནས་ཚོགས་ཆེན་གྱི་གསར་འགྱུར་སྤེལ་གཏོང་གི་བྱ་བ་ལ་ཁས་ལེན་གང་ལེགས་གནང་བ་རེད།