འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ས་ཁོངས་ལས་བརྒལ་བའི་ཞིང་ལས་ཐོན་རྫས་འཁོར་རྒྱུག་གི་རྨང་གཞིའི་
    སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་26ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2015ལོར་ཚོང་དོན་པུའི་ཤུགས་ཆེའི་རྒྱབ་སྐྱོར་འོག་མཚོ་སྔོན་ཞིང་ཆེན་འདི་ཉིད་རྒྱལ་ཁབ་རིམ་པའི་ས་ཁོངས་ལས་བརྒལ་བའི་ཞིང་ལས་ཐོན་རྫས་འཁོར་རྒྱུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཚོད་ལྟའི་ཞིང་ཆེན་6གི་གྲས་སུ་བཅུག་པ་དང་ནོར་སྲིད་པུས་ཚོད་ལྟའི་ནང་འདྲེན་མ་དངུལ་སྒོར་དུང་ཕྱུར་1གཤམ་སྤྲོད་བྱས་ཏེ་འཁོར་རྒྱུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པས་མཚོ་སྔོན་ཞིང་ཆེན་དུ་ཞིང་ལས་ཐོན་རྫས་ཐོན་ཚོང་ཁུལ་ས་ཁོངས་ལས་བརྒལ་བའི་སྦྲེལ་མཐུད་མ་ལག་ཅིག་རགས་ཙམ་ཆགས་ཡོད།
         ལོ་གཅིག་རིང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཚོང་དོན་པུའུ་དང་ནོང་སྲིད་པུའི་《རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་འཁོར་རྒྱུག་རྐང་འཛིན་དྲ་མིག་འཛུགས་སྐྱོང་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོའི་》བླང་བྱ་གཞིར་བཟུང་། ནོར་སྲིད་མ་དངུལ་གྱི་རྒྱབ་སྐྱོར་བྱེད་སྟངས་སྒྱུར་བཅོས་དང་གསར་གཏོད་བྱས་པ་དང་ཆབས་ཅིག་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་ཞིང་འབྲོག་ཐིང་བཅས་དང་མཉམ་འབྲེལ་བྱས་ཏེ“མཚོ་སྔོན་ཞིང་ཆེན་ཞིང་ལས་ཐོན་རྫས་འཁོར་རྒྱུག་ཐོན་ལས་རྐང་དབང་མ་འཇོག་དོ་དམ་ཨུ་ཡོན་ལྷན་ཁང”དང“མཚོ་སྔོན་ཞིང་ཆེན་ཞིང་ལས་ཐོན་རྫས་འཁོར་རྒྱུག་ཐོན་ལས་རྐང་དབང་མ་འཇོག་དོ་དམ་ཚད་ཡོད་ཀུང་སི”བཙུགས་ནས་རྐང་དབང་མ་འཇོག་བྱེད་སྟངས་བརྒྱུད་མཚོ་སྔོན་གྱི་ཞིང་ལས་ཐོན་རྫས་འཁོར་རྒྱུག་ཁེ་ལས་ཀྱིས་ས་ཁོངས་ལས་བརྒལ་བའི་ཞིང་ལས་ཐོན་རྫས་འཁོར་རྒྱུག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད།
         མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཀྲུང་དབྱང་གི་ཚོད་ལྟའི་ནང་འདྲེན་མ་དངུལ་དང་ཞིང་ཆེན་རིམ་པའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་1.3བསྡུ་སྒྲིལ་བྱས་ནས་ཞིང་ཆེན་དེ་ཡོངས་སུ་བསྡུ་ལེན་རྒྱ་ཁྱབ་དང་། རིམ་པ་ལྟར་ཆགས་ཀྱི་ལེགས་འདེམས། རིགས་གཅིག་མཁས་པའི་ཞིབ་དཔྱད་བཅས་བྱས་པ་བརྒྱུད་མཚོ་ཤར་གྲོང་ཁྱེར་གྱི“དར་གོས་ལམ་བུའི་མཚོ་ཤར་ཞིང་ཞོར་ཐོན་རྫས་ཉོ་ཚོང་ལྟེ་གནས་རྣམ་གྲངས”དང“མཚོ་བོད་ས་མཐོའི་ཞིང་ཞོར་ཐོན་རྫས་བསྡུ་འགྲེམས་ལྟེ་གནས་ཀྱི་དུས་ཐེངས་གཉིས་པའི་རྣམ་གྲངས”སོགས་གཙོ་གནད་ཞིང་ལས་ཐོན་རྫས་འཁོར་རྒྱུག་ཁེ་ལས་28ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལ་རྐང་དབང་མ་འཇོག་རོགས་སྐྱོར་བྱས་ཤིང་། མིག་སྔའི་བར་མ་དངུལ་ཚང་མ་ཁེ་ལས་ལ་གཤམ་སྤྲོད་བྱས་པ་དང་འབྲེལ་སྤྱི་ཚོགས་ནས་མ་དངུལ་སྒོར་དུང་ཕྱུར་25.48འཇོག་རྒྱུའི་སྐུལ་ཁྲིད་བྱས་ཡོད། 2015ལོར་མ་རྐང་ནང་ཞུགས་པའི་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་17.19ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་17.1%འཕར་བའི་ནང་ཞིང་ལས་ཐོན་རྫས་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར་12.69ཟིན་པ་དང་དེ་ལོ་གོང་མའི་དུས་མཚུངས་ལས་15.1%འཕར་བ་དང་། ཞིང་འབྲོག་པའི་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར་4.63ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་26.6%འཕར་བ། མི་གྲངས་12539ལས་ཞུགས་ཐག་གཅོད་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་13.9འཕར་བ་བཅས་ལས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཡག་པོ་ཐོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།