འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲའོ་ཞན་གྱི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་ལི་ཡུའེ་ཨོ་རྩལ་འགྲན་ཚོགས་ཀྱི་སྔོན་འདེམས་
    འགྲན་བསྡུར་ནང་ཞུགས་གྲབས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་26ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཁྲའོ་ཞན་གྱི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་ལི་ཡུའེ་ཨོ་རྩལ་འགྲན་ཚོགས་ཀྱི་སྔོན་འདེམས་
འགྲན་བསྡུར་ནང་ཞུགས་གྲབས་ཡོད་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་25ཉིན་ཁྲའོ་ཞན་གྱི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་རི་པིན་གྱི་ཏ་པན་གྲོང་ཁྱེར་དུ་འབྱོར་བ་དང་། ཁོང་ཚོ་ཟླ་2ཚེས་29ཉིན་འགོ་རྩོམ་པའི་2016ལོའི་ལི་ཡུའེ་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་ཨེ་ཤེ་ཡ་འགྲན་ཁུལ་གྱི་སྔོན་འདེམས་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།
         རི་པིན་ཕྱོགས་ཀྱིས་ཁྲའོ་ཞན་གྱི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་རི་པིན་ལ་ཡོང་དུ་བཅུག་པ་དེ་ནི་དམིགས་བསལ་ཞིག་ཡིན་ཞེས་བསྟན། རི་པིན་དང་ཁྲའོ་ཞན་གཉིས་ལ་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་མེད་པས། ཁྲའོ་ཞན་གྱི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་གི་ལུས་རྩལ་པ་དང་ལས་བྱེད་མི་སྣ་ཚོར་རི་པིན་དུ་བཅའ་སྡོད་ཀྱི་ཀྲུང་གོའི་གཞུང་ཚབ་ཁང་ནས་ཐེམ་ཐོ་སྤྲད་པ་རེད།
         ལི་ཡུའེ་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་རྐང་རྩེད་སྤོ་ལོ་ཨེ་ཤེ་ཡ་འགྲན་ཁུལ་གྱི་སྔོན་འདེམས་འགྲན་བསྡུར་ནང་ཞུགས་པའི་རུ་ཁག་ནི་ཨོ་སི་ཁྲུ་ལི་ཡ་དང་། ཀྲུང་གོ། རི་པིན། ཁྲའོ་ཞན། ཧན་གོ། ཝེ་ཐེ་ནམ་བཅས་ཡིན་པ་དང་། དེ་ཚོའི་ཁྲོད་ནས་རུ་ཁག་གཉིས་ལ་འགྲན་ཞུགས་དབང་ཆ་ཐོབ་ཐུབ། སྤྱི་ཟླ་3ཚེས་9ཉིན་རི་པིན་དང་ཁྲའོ་ཞན་གཉིས་འགྲན་བསྡུར་བྱ་དགོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།