འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་ཉི་ནུས་དྲོད་ལེན་མ་ལག་གསར་སྤེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་26ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔར་མཚོ་སྔོན་འཛུགས་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་སོགས་ཚན་པས་ལེགས་སྒྲུབ་བྱས་པའི་དྲོད་ལེན་ཚན་རྩལ་གྲུབ་འབྲས་དེས་ཚན་རྩལ་ལ་བརྟེན་ནས་ཞིང་འབྲོག་པའི་འཚོ་བ་ལེགས་སུ་བཏང་བ་མ་ཟད། དྲོད་ལེན་ཚན་རྩལ་གྲུབ་འབྲས་དེའང་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལ་སླེབས་ཡོད་པ་རེད། དྲོད་ལེན་མ་ལག་དེ་སྤུས་ཀ་ལེགས་ལ་མཛེས་སྡུག་ལྡན་པ་ཞིག་ཡོད་ཅེས་བརྗོད་ཆོག གྲུབ་འབྲས་དེ་མཚོ་སྔོན་ཞིང་ཆེན་གྱི་རྫོང་9ལ་ཁྱབ་གདལ་དང་སྤྱོད་ཀྱི་ཡོད་པ་རེད།
         ཉེ་ཆར། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། ཞིང་འབྲོག་པའི་ཁྱིམ་གྱི་དྲོད་ལེན་མ་ལག་གི་སྤུས་ཀ་ལེགས་ལ་མཛེས་ཉམས་ལྡན་པའི་ཚན་རྩལ་གྲུབ་འབྲས་དེར“ཉི་ནུས་རྨང་གཞིར་བྱས་པའི་འདྲེས་སྦྱོར་དྲོད་ལེན་བཟོ་སྐྲུན་གྱི་ཞིབ་འཇུག་དང་དཔེ་སྟོན”རྣམ་གྲངས་ཞེས་བརྗོད་ཀྱི་ཡོད། ཚན་ཞིབ་མི་སྣས་ཡུལ་བབ་དང་བསྟུན་ནས་ཉི་ནུས་ཀྱི་ཚ་ནུས་ལག་རྩལ་སྤྱད་པ་དང་དུས་མཚུངས་མཁའ་རླུང་ཚ་བཟོའི་ལག་རྩལ་གསར་པ་དེ་མཐོ་གྲང་ས་ཁུལ་གྱི་ཞིང་འབྲོག་པའི་ཁྱིམ་གྱི་དྲོད་ལེན་ཐད་སྤྱད་ནས་དྲོད་ལེན་མ་ལག་ཅིག་གྲུབ་ཡོད་པ་རེད། རྣམ་གྲངས་དེ་མཚོ་སྔོན་ཞིང་ཆེན་གྱི་རྫོང་9རུ་ཉི་ནུས་དཔེ་སྟོན་བཟོ་སྐྲུན་ཆ་ཚང་110བསྐྲུན་པའི་ནང་ཉི་ནུས་དྲོད་ལེན་མ་ལག་ཆ་ཚང་75ལ་རང་འགུལ་དྲོད་ལེན་མ་ལག་གི་ཚ་ནུས་ཚོད་ལྟ་བྱས་པ་བརྒྱུད་ཚ་པོ་ཆགས་ཚད་58.7%དང་། གཞན་དབང་དྲོད་ལེན་མ་ལག་གི་ཚ་ནུས་ཚ་པོ་ཆགས་ཚད་53.8% ལོ་ཧྲིལ་པོར་དྲོད་མཁོ་འདོན་གྱི་ཆ་རྐྱེན་འོག་ཉི་ནུས་འགན་ལེན་བྱེད་ཚད་85% ཁང་པའི་ནང་གི་དྲོད་ཚད་18.6℃བཅས་ཟིན་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།