འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་ཉེན་རྟོག་རྩ་འཛུགས་ཀྱིས“ཡོ་རོབ་ཀྱིས་གནས་སྤོས་ཡུལ་མི་ལྐོག་འདྲེན་ལ་རྡུང་རྡེག་
    གཏོང་བའི་ལྟེ་གནས”བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་26ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཡོ་རོབ་ཉེས་དོན་ཉེན་རྟོག་རྩ་འཛུགས་(ཡོ་རོབ་ཉེན་རྟོག་རྩ་འཛུགས་)ཀྱིས་ཚེས་22ཉིན“ཡོ་རོབ་ཀྱིས་གནས་སྤོས་ཡུལ་མི་ལྐོག་འདྲེན་ལ་རྡུང་རྡེག་གཏོང་བའི་ལྟེ་གནས”བཙུགས་ནས་གནས་སྤོས་མི་སེར་ལྐོག་འདྲེན་དང་འབྲེལ་བའི་གསང་འཕྲིན་མཉམ་སྤྱོད་དང་བྱ་སྤྱོད་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཡོ་རོབ་མནའ་འབྲེལ་མཐའ་མཚམས་རྒྱུད་ཁུལ་རྒྱལ་ཁབ་ཀྱི་གནས་སྤོས་ཡུལ་མིའི་གནད་དོན་ཐད་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
         ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གནས་སྤོས་ཡུལ་མི་དང་ནང་ངོས་ལས་དོན་དང་སྤྱི་དམངས་ལས་དོན་གྱི་གཙོ་འགན་འཁུར་མཁན་ཨུ་ཡོན་ཨ་ཕུའུ་ལ་མོ་ཕུའུ་ལུའོ་སིས་ལྟེ་གནས་བཙུགས་པའི་འགོ་ཚུགས་མཛད་སྒོའི་ཐོག་ལྐོག་བྲོས་དང་མི་ཚོང་རྒྱག་མཁན་གྱི་ཉེས་གསོག་བྱེད་སྤྱོད་ཡིན་ཕྱིན་བཅའ་ཁྲིམས་དང་ཐ་ན་ཀུན་སྤྱོད་ཐོག་ནས་ཀྱང་དང་ལེན་བྱེད་ཐབས་བྲལ་ཡོད། གནས་སྤོས་ཡུལ་མི་ལྐོག་འདྲེན་བྱ་རྒྱུ་བཀག་འགོག་བྱེད་པ་དེ་ནི་ཡོ་རོབ་མནའ་འབྲེལ་གྱིས་གནས་སྤོས་ཡུལ་མིའི་ཉམས་ཉེན་ཐག་གཅོད་བྱེད་པའི་གླེང་གཞི་གལ་ཆེན་ཞིག་དང་འགག་རྩའི་གནས་ཚུལ་གྲས་ཤིག་རེད་ཅེས་བརྗོད་ཅིང་། ཁོང་གིས་ཡོ་རོབ་མནའ་འབྲེལ་ཁོངས་མིའི་རྒྱལ་ཁབ་དང་དེ་བཞིན་འབྲེལ་ཡོད་སྒྲིག་གཞིས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་རེ་འབོད་བྱས་པ་དང་དུས་མཚུངས་གནས་སྤོས་ཡུལ་མི་ཡོ་རོབ་ཏུ་ཡོང་སྐབས་བརྒྱུད་དགོས་ངེས་ཀྱི་རྒྱལ་ཁབ་གཙོ་བོ་ཐུར་ཁེས་ཡོ་རོབ་ཉེན་རྟོག་རྩ་འཛུགས་དང་གསང་འཕྲིན་མཉམ་སྤྱོད་བྱ་རྒྱུའི་རེ་འབོད་བྱས་པ་རེད།
         “ཡོ་རོབ་ཀྱིས་གནས་སྤོས་ཡུལ་མི་ལྐོག་འདྲེན་ལ་རྡུང་རྡེག་གཏོང་བའི་ལྟེ་གནས”དེ་ནི་ཡོ་རོབ་མནའ་འབྲེལ་གྱི་ཉེན་རྟོག་རྩ་འཛུགས་ཀྱི་རིགས་གཅིག་མཁས་ཅན་45ལས་གྲུབ་པ་དང་འགན་འཁུར་མཁན་ནི་ཡོ་རོབ་མནའ་འབྲེལ་ཉེན་རྟོག་རྩ་འཛུགས་ཀྱི་སྒྲིག་འཛུགས་ཉེས་གསོག་བརྟག་དཔྱད་ཚོགས་ཆུང་གི་ཙུའུ་ཀྲང་ཁེ་ལུའེ་ཕིང་ཁེ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།