འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་འགྲུལ་བཞུད་བྱེད་ཚད་མི་ཐེངས་དུང་ཕྱུར་29.1ཟིན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་24ཉིན། 15:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འཆར་ཅན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། འདི་ལོའི་དུས་ཡུན་ཉིན་40ཡི་དཔྱིད་གསར་སྐྱེལ་འདྲེན་ནང་སྔོན་དཔག་བྱས་ན་རྒྱལ་ཡོངས་ཀྱི་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་29.1ཟིན་རྒྱུ་ཡིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་3.6%འཕར་རྒྱུ་ཡིན་ཞིང་། དེའི་ནང་ལྕགས་ལམ་ཐོག་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་3.32ཟིན་རྒྱུ་ཡིན་པ་དེ་12.7%འཕར་རྒྱུ་དང་། གཞུང་ལམ་ཐོག་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་24.81ཟིན་རྒྱུ་ཡིན་པ་དེ་2.4%འཕར་རྒྱུ། ཆུ་ཐོག་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་4280ཟིན་རྒྱུ་ཡིན་པ་དེ་སྤྱིར་ན་མཚུངས་པ། དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་5455ཟིན་རྒྱུ་ཡིན་པ་དེ་11%འཕར་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།