འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་གློག་རྡུལ་ཐོབ་ཐང་ལག་ཁྱེར་གྱིས་རིག་དངོས་སྲུང་སྐྱོབ་ཀྱི་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་22ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་སུ་གློག་རྡུལ་ཐོབ་ཐང་ལག་ཁྱེར་གྱིས་རིག་དངོས་སྲུང་སྐྱོབ་ཀྱི་འགོ་ཚུགས་པ།
         བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཡོད་པའི་གནའ་རྫས་རྙིང་པ་སྐུ་འདྲ་དང་། ཐང་ག རྫ་ཆས། དར་གོས་སོགས་ལ་མིག་སྔར"གློག་རྡུལ་གྱི་ཐོབ་ཐང་ལག་ཁྱེར"བཟོས་ཡོད་པ་རེད། ཉེ་སྔོན་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་རིག་དངོས་ལ་གྲངས་འཛིན་ཅན་གྱི་ཡིག་ཚགས་བཟོ་བའི་ལས་དོན་བདེ་བླག་བྱུང་ཞིང་། མིག་སྔའི་བར། རིམ་ཁག་དང་པོའི་རྩ་ཆེའི་རིག་དངོས་ཆིག་ཁྲི་ལྷག་གི་ཡིག་ཚགས་བཟོས་པ་དང་། རྗེས་མཐུད་ཀྱི་ལས་དོན་ཡང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། བྱ་ཐབས་འདི་ཡིས་བོད་ལྗོངས་ཀྱི་རིག་དངོས་ཐོན་ཁུངས་ཀྱི་གནས་ཚུལ་གསལ་རྟོགས་ཤེས་ཐུབ་པ་དང་། དེ་ལ་ཚན་རིག་གི་རིག་དངོས་སྲུང་སྐྱོབ་མ་ལུག་འཛུགས་པར་དགེ་མཚན་ལྡན་པ་རེད།
         བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནི་སྤྱི་ལོ་1999ལོར་དངོས་སུ་བཙུགས་ནས་སྒོ་འབྱེད་ཅིང་། དེ་ནི་བོད་ལྗོངས་ཀྱི་དེང་རབས་ཅན་གྱི་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་ཡིན་ལ། བཤམས་མཛོད་ཁང་དུ་ཉར་ཚགས་དངོས་པོ་ཁྲི་52ལྷག་ཙམ་ཡོད་པ་རེད། པར་འདི་དག་ནི་ལས་བྱེད་མི་སྣས་རིག་དངོས་ལ་ཡིག་ཚགས་བཟོ་བའི་གནས་ཚུལ་ཡིན་པ།
    ༄༅།།བོད་ལྗོངས་སུ་གློག་རྡུལ་ཐོབ་ཐང་ལག་ཁྱེར་གྱིས་རིག་དངོས་སྲུང་སྐྱོབ་ཀྱི་འགོ་ཚུགས་པ།
    ༄༅།།བོད་ལྗོངས་སུ་གློག་རྡུལ་ཐོབ་ཐང་ལག་ཁྱེར་གྱིས་རིག་དངོས་སྲུང་སྐྱོབ་ཀྱི་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།