འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱི་རྒྱ་མདོ་རྫོང་དུ་ས་ཡོམ་རིམ་པ་6.4བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་21ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཚོ་སྔོན་ཞིང་ཆེན་གྱི་རྒྱ་མདོ་རྫོང་དུ་ས་ཡོམ་རིམ་པ་6.4བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ས་ཡོམ་ལས་ཁུངས་དྲ་ཚིགས་ཀྱིས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། སྤྱི་ཟླ་1ཚེས་21ཉིན་གྱི་དུས་ཚོད་01དང་སྐར་མ་13སྟེང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྒྱ་མདོ་རྫོང་(འཕྲེད་ཐིག་བྱང་མ་ཏུའུ་37.68དང་གཞུང་ཐིག་ཤར་མ་ཏུའུ་101.62ཀྱི་བར་མཚམས)དུ་ས་ཡོམ་རིམ་པ་6.4བྱུང་ཞིང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་10ཡོད་པ་དང་། ཡོམ་དཀྱིལ་ནི་རྒྱ་མདོ་རྫོང་གི་ཧོང་ཁྲིན་ཤང་(皇城乡)དུ་ཡོད་པ་རེད། ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་དུ་ཡོམ་ཚོར་ཆེན་པོ་བྱུང་བ་རེད།
         མི་དམངས་དྲ་བའི་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུད་ཀྱི་རྒྱུན་ཨུའམ་རྒྱ་མདོ་རྫོང་གི་ཧྲུའུ་ཅི་ཏུང་ཅིན་མིང་དང་འབྲེལ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་མི་སྣ་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་པ་བདེན་དཔང་བྱས་པ་རེད།
         མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུས་ཀྱིས་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། སྤྱི་ཟླ་1ཚེས་21ཉིན་གྱི་དུས་ཚོད་03དང་སྐར་མ་52བར་དུ། ས་ཡོམ་རིམ་པ་6.4བྱུང་བའི་རྗེས་ནས། རྒྱ་མདོ་རྫོང་དུ་ས་ཡོམ་ལྷག་མ་ཐེངས་86ཙམ་ལ་བྱུང་བ་དང་། དེའི་ནང་ཚད་རིམ་ཆེས་མཐོ་བ་ནི་རིམ་པ་3.9ཡིན་པ་རེད།
    ༄༅།།མཚོ་སྔོན་ཞིང་ཆེན་གྱི་རྒྱ་མདོ་རྫོང་དུ་ས་ཡོམ་རིམ་པ་6.4བྱུང་བ།
    ༄༅།།མཚོ་སྔོན་ཞིང་ཆེན་གྱི་རྒྱ་མདོ་རྫོང་དུ་ས་ཡོམ་རིམ་པ་6.4བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།