འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་2016ལོའི"གཤམ་སྤེལ་ལྔ"ཡི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་21ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་2016ལོའི'གཤམ་སྤེལ་ལྔ'ཡི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་19ཉིན་གྱི་སྔ་དྲོར་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཚན་རྩལ་འཕྲོད་བསྟེན་ཁྲིམས་ལུགས་དང་རྒྱལ་གཅེས་སློབ་གཅེས་ཀྱི་དྲིལ་བསྒྲགས་ཏེ"གཤམ་སྤེལ་ལྔ"གཅིག་བསྡུས་ཞབས་ཞུའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཉང་བྲན་ཤང་དུ་གཟབ་རྒྱས་ངང་སྤེལ་བས། བོད་ལྗོངས་ཀྱི་2016ལོའི"གཤམ་སྤེལ་ལྔ"ཡི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་པ་མཚོན་ཡོད་པ་རེད། བྱེད་སྒོའི་ཡུལ་དངོས་སུ་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ། ཤེས་དཔལ་གཞུང་དོན་ཁང་། སློབ་གསོ་ཐིང་། ཚན་རྩལ་ཐིང་། མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། རིག་གནས་ཐིང་སོགས་སྡེ་ཁག་16གི་ལས་བྱེད་མི་སྣས་གནས་སྐབས་ཞབས་ཞུའི་སྒེའུ་ཁང་བཀོད་སྒྲིག་བྱས་ནས་ས་གནས་དེ་གའི་མང་ཚོགས་ལ་གཅིག་བསྡུས་ཀྱིས་དཔེ་དེབ་དང་། སྒྲ་ཕབ་ཐོན་རྫས། སྔོ་ཚལ་དང་མེ་ཏོག་གི་ས་བོན། རྒྱུན་སྤྱོད་སྨན་རྫས། དཔེ་ཆས་བཅས་མ་ཟད། འཚོ་བ་དང་འཕྲོད་བསྟེན་གྱི་མཁོ་ཆས་སོགས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་དང་དངོས་ཟོག་སྤྲད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།བོད་ལྗོངས་ཀྱི་2016ལོའི'གཤམ་སྤེལ་ལྔ'ཡི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།