འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་ཞིང་ཆེན་གྱིས་ཡུལ་སྐོར་ལམ་ཐིག་གཙོ་བོ་དང་དེ་བཞིན་ཐོན་ཟོག་གི་མ་གནས་
    རིན་གོང་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་14ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་11ཉིན་ཡུན་ནན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་ཡུན་ནན་ཞིང་ཆེན་ཡུལ་སྐོར་ལས་དོན་ཁང་མཐུན་ཚོགས་ཀྱིས་མཉམ་དུ་གཏན་འཁེལ་བྱས་པའི་2016ལོའི་ཡུན་ནན་ཡུལ་སྐོར་གྱི་ལམ་ཐིག་གཙོ་བོ་དང་ཡུལ་སྐོར་ཐོན་ཟོག་གི་མ་གནས་རིན་གོང་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས་ཤིང་། ཡིག་ཆའི་ནང་མ་གནས་ཀྱི་རིན་གོང་ལས་ཁེ་བའི་ཡུལ་སྐོར་ལམ་ཐིག་དང་ཐོན་ཟོག་འདེམས་ཚེ། འཛད་སྤྱོད་ལ་ཉེན་ཁ་ཡོད་པ་དང་སྤུས་ཚད་འགན་ལེན་མེད་པའི་ཁར་ཡུལ་སྐོར་བའི་ཁེ་དབང་ལས་རིགས་དེའི་དོ་དམ་སྡེ་ཚན་གྱིས་སྲུང་སྐྱོང་བྱེད་དཀའ་བ་དང་། མ་གནས་ཀྱི་རིན་གོང་ལས་མཐོ་བའི་ཡུལ་སྐོར་ལམ་ཐིག་འདེམས་ཚེ། ཡུལ་སྐོར་བའི་འཛད་སྤྱོད་ཁེ་དབང་འགན་ལེན་ནུས་ལྡན་ཐུབ་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཁྱབ་བསྒྲགས་བྱས་པའི་ཡུལ་སྐོར་མ་གནས་ཀྱི་ཁྱབ་ཁོངས་ནང་མི་བཅུ་དྲུག་ཡན་གྱི་ཚོགས་པའི་རིན་གོང་དང་། མི་བཅུ་དྲུག་ཡན་གྱི་ཚོགས་པའི་ལམ་ཐིག་གི་མ་གནས་རིན་གོང་། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་འགྲོ་གྲོན་བཅས་དང་དེ་བཞིན་དཔྱིད་གསར་དུས་ཆེན་རིང་གི་ཡུལ་སྐོར་རིན་གོང་དེ་དོན་དངོས་གཞིར་བཟུང་འོས་འཚམ་སྤོར་རྒྱུ་སོགས་ཀྱི་ནང་དོན་ཚུད་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། ཡུལ་སྐོར་བའི་ཡུལ་སྐོར་ལམ་ཐིག་དང་ཞབས་ཞུ་འདེམས་པའི་ཁྲིམས་མཐུན་ཁེ་དབང་ལ་སྔར་བས་སྲུང་སྐྱོང་ཡག་པོ་བྱ་ཆེད། ཡུན་ནན་ཞིང་ཆེན་གྱིས་2016ལོའི་ཡུལ་སྐོར་ལམ་ཐིག་གཙོ་བོ་དང་ཡུལ་སྐོར་ཐོན་ཟོག་མ་གནས་ཀྱི་རིན་གོང་ཁྱབ་བསྒྲགས་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།