འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སྒོར་དུང་ཕྱུར་3.93བཏང་ནས་ལས་ཞུགས་དང་སྤྱི་ཚོགས་འགན་
    སྲུང་གི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་08ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པ”ཚུན་དུ་གྲོང་ཁྱེར་(ཁུལ)དང་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སུང་གི་ཞབས་ཞུའི་སྒྲིག་བཀོད་དཀོན་པ་དང་། སྒྲིག་ཆས་ཀྱི་ཆ་རྐྱེན་ཞན་པ། ཞབས་ཞུའི་ཆ་རྐྱེན་ཞན་པ་བཅས་ཀྱི་གནས་ཚུལ་ལ་དམིགས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་གཞི་རིམ་གྱི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་ཤུགས་བརྒྱབ་ཡོད། མིག་སྔའི་བར་མ་དངུལ་སྒོར་དུང་ཕྱུར་3.93བཏང་ནས་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་སྟེགས་བུའི་རྣམ་གྲངས་བསྐྲུན་པ་དང་རྣམ་གྲངས་ཁྱབ་ཚད་98.15%ཟིན་པ་དེས་གཞི་རིམ་གྱི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།
         ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ནི་དམངས་འཚོའི་རྩ་བ་ཡིན་པ་མ་ཟད། སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་ཡང་འབྲེལ་བ་ཆེན་པོ་ཡོད།“ལོ་ལྔ་ཚན་བཅུ་གཉིས་པ”ཚུན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་བརྟག་དཔྱད་ཞིབ་འཇུག་བྱས་པའི་རྨང་གཞིའི་ཐོག་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་ཞིང་ཆེན་ནོར་སྲིད་ཐིང་དང་འབྲེལ་བ་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི“གཅིག་འཐུས་རྣམ་པའི”ཞབས་ཞུ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཡོང་བའི་བླང་བྱ་གཞིར་བཟུང་། རྒྱལ་ཁབ་དང་ཞིང་ཆེན་ནོར་སྲིད་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཡོད། མིག་སྔའི་བར་གྲོང་ཁྱེར་རིམ་པ་1དང་། ཀྲོའུ་རིམ་པ་6 རྫོང་རིམ་པ་46བཅས་ཀྱི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་སྟེགས་བུ་བསྐྲུན་རྒྱུའི་རྣམ་གྲངས་ལ་མ་དངུལ་བཀོད་སྒྲིག་བྱས་ཟིན་པ་དང་ཁྱོན་མ་སྒོར་དུང་ཕྱུར་3.93བཏང་བའི་ནང་ཀྲུང་དབྱང་གི་སྒོར་དུང་ཕྱུར་2.48དང་། ཞིང་ཆེན་རིམ་པའི་ལྷན་སྦྱར་མ་དངུལ་སྒོར་དུང་ཕྱུར་1.23 རྫོང་རིམ་པའི་ལྷན་སྦྱར་མ་དངུལ་སྒོར་དུང་ཕྱུར་0.22བཅས་ཡིན་པ་དང་ཁྱབ་ཚད་98.15%ཟིན་ཡོད་པ་རེད།
         རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་ཆེད། ལོ་ལྟར་རྣམ་གྲངས་གཏན་འཁེལ་བྱས་རྗེས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སུང་ཐིང་གིས་དུས་ཐོག་ཏུ་བཀོད་སྒྲིག་བྱས་ཏེ་མ་འཇོག་རྣམ་གྲངས་ལ་ཞིབ་བཤེར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་ཇུས་འགོད་དང་། ལས་འགོ་འཛུགས་པ། ཞིབ་བཤེར་རྩིས་ལེན་བཅས་བརྒྱུད་རིམ་ཧྲིལ་པོའི་ལས་ཡུན་ཐུང་དུ་བཏང་བ་དང་། ཟླ་རེའི་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་ཤེས་རྟོགས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་འགན་ལེན་བྱས་ཡོད། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་སྟེགས་བུའི་རྣམ་གྲངས་བསྐྲུན་ཟིན་པ་དང་འབྲེལ། སྤྱོད་འགོ་ཚུགས་པ་དེས་སྤྱི་པའི་ཐོན་ཁུངས་སྔར་བས་བསྡུ་སྒྲིལ་བྱས་པ་དང་ཞབས་ཞུའི་ཁོར་ཡུག་དང་གཞུང་དོན་སྒྲུབ་སའི་ཆ་རྐྱེན་ལེགས་སུ་ཕྱིན་པའི་ཐོག གྲོང་ཁྱེར་(ཁུལ)དང་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཞུའི་ནུས་པ་ནུས་ལྡན་ངང་མཐོ་རུ་ཕྱིན་ནས་མང་ཚོགས་ལ་སྤུས་ལེགས་དང་། ནུས་ཆེ། སྟབས་བདེ་བཅས་ཀྱི་གཅིག་འཐུས་རྣམ་པའི་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།