འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེས་ཐེམ་ཁུངས་ཤིན་ཅང་དང་བོད་ནས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་སློབ་ཆེན་
    སློབ་མར“ཞིང་ཆེན་སྲིད་གཞུང་གི་ཕུགས་བསམ་སྦྱངས་འབྲས་
    ལེགས་ཐོན་བྱ་དགའ”བཙུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་26ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་23ཉིན་གསར་འགོད་པས་ཧོ་པེ་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2015ལོའི་སྟོན་ཁའི་སློབ་དུས་ནས་བཟུང་ཧོ་པེས་ཐེམ་ཁུངས་ཤིན་ཅང་དང་བོད་ནས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་སློབ་ཆེན་སློབ་མར་ཞིང་ཆེན་སྲིད་གཞུང་གི་ཕུགས་བསམ་སྦྱངས་འབྲས་ལེགས་ཐོན་བྱ་དགའ་བཙུགས་པ་རེད།
         ཕུགས་བསམ་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དོན་ཚན་ལ་དམིགས་ནས་ཧོ་པེ་ཞིང་ཆེན་སྲིད་གཞུང་སློབ་གསོ་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་གིས་མཉམ་འབྲེལ་ཐོག་《ཧོ་པེ་ཞིང་ཆེན་མཐོ་སློབ་དཀྱུས་མའི་ཐེམ་ཁུངས་ཤིན་ཅང་དང་བོད་ནས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་སློབ་ཆེན་སློབ་མའི་ཞིང་ཆེན་སྲིད་གཞུང་གི་ཕུགས་བསམ་སྦྱངས་འབྲས་ལེགས་ཐོན་དགའ་དོ་དམ་བྱ་ཐབས་》བཟོས་ནས་བྱ་ཐབས་དེ་2015ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པ་དང་དུས་ཡུན་ལོ་5ཡིན་པ་རེད།
         བྱ་ཐབས་གཞིར་བཟུང་སྦྱངས་འབྲས་ལེགས་ཐོན་བྱ་དགའི་ཚད་གཞི་ནི་མི་རེར་ལོ་རེར་ཆ་སྙོམས་སྒོར་5000ཡིན་པ་དང་བྱ་དགའ་རིམ་པ་གསུམ་ལ་དབྱེ་ཡོད་པ་སྟེ། བྱ་དགའ་ཨང་དང་པོར་སྒོར་6000དང་། བྱ་དགའ་ཨང་གཉིས་པར་སྒོར་5000 བྱ་དགའ་ཨང་གསུམ་པར་སྒོར་4000ཡོད། གཞི་རྩའི་འདུན་ཞུའི་ཆ་རྐྱེན་ནི་སློབ་མའི་སློབ་ཞུགས་གོང་གི་ཐེམ་ཁུངས་གནས་ཡུལ་དེ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སམ་ཡང་ན་བོད་རང་སྐྱོང་ལྗོངས་ནས་ཡིན་པ་དང་། མི་རིགས་རྒྱ་རིགས་མིན་པ། སློབ་གྲྭ་བསྐྱོད་རིང་སློབ་སྦྱོང་སྦྱངས་འབྲས་ཕུལ་བྱུང་ཡིན་པ་དང་། ཁྱིམ་ཚང་ལ་དཔལ་འབྱོར་དཀའ་ངལ་ཡོད་པ། འཚོ་བ་བབ་ཆགས་ཡིན་པ་བཅས་རེད།
         ཕུགས་སྐུལ་བྱ་དགའ་དེ་སློབ་ལོ་རེར་དཔྱད་ཞིབ་ཐེངས་རེ་བྱས་ནས་འཁྲོལ་མེད་དཔྱད་ཞིབ་བྱེད་ཀྱི་ཡོད། ཞིང་ཆེན་སྲིད་གཞུང་གི་ཕུགས་སྐུལ་བྱ་དགའ་ཐོབ་པའི་སློབ་མས་རྒྱལ་ཁབ་སློབ་སྐྱོར་བྱ་དགའ་འདུན་ཞུ་དང་ལེན་ཆོག་ཀྱང་། རྒྱལ་ཁབ་ཀྱི་སློབ་སྐུལ་བྱ་དགའ་དང་རྒྱལ་ཁབ་ཀྱི་ཕུགས་སྐུལ་བྱ་དགའ་ལེན་མི་ཆོག མཐོ་སློབ་ཀྱིས་ལོ་ལྟར་གྱི་ཟླ་11ཚེས་30ཉིན་གོང་ཞིང་ཆེན་སྲིད་གཞུང་གི་ཕུགས་སྐུལ་བྱ་དགའ་དེ་བྱ་དགའ་ཐོབ་པའི་སློབ་མའི་དངུལ་ཁང་གཱ་ནང་ཐེངས་གཅིག་ཏུ་བླུགས་པ་དང་འབྲེལ་སློབ་མའི་ཡིག་ཚགས་ནང་དུའང་ཐོ་རྒྱག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།