འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་བཙུགས་པའི་ལོ་འཁོར་50ཡི་རིང་གི་དོན་ཆེན་ཟིན་ཐོ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་26ཉིན། 12:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         1965ལོའི་ཟླ་9ཚེས་1ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་སྐོང་ཚོགས་བྱས་ཤིང་། ཚེས་9ཉིན་མཇུག་སྒྲིལ་བའི་མཛད་སྒོ་བསྡུས། བོད་རང་སྐྱོང་ལྗོངས་དངོས་སུ་བཙུགས་པ་ཁྱབ་སྒྲོག་བྱས།
         1980ལོའི་ཟླ་3ཚེས་14དང་15ཉིན། བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་སྐབས་དང་པོ་འཚོགས་ཤིང་། དེའི་སྟེང་ཀྲུང་དབྱང་གི་བོད་སྐྱོར་དང་དམིགས་བསལ་སྲིད་ཇུས་ཚུགས།
         1984ལོར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁུལ་རང་སྐྱོང་བཅའ་ཁྲིམས་》ལོ་དེའི་ཟླ་5ཚེས་3ཉིན་བཟོ་བཅོས་བྱས་ཤིང་། ཟླ་10ཚེས་1ནས་དངོས་སུ་ལག་བསྟར་བྱས།
         1985ལོར། བོད་ལྗོངས་ཀྱིས་ཞིང་འབྲོག་བུ་ཕྲུག་སློབ་གྲྭར་སྡོད་རིང་ཟ་འཐུང་དང་སྡོད་ཁང་། སློབ་སྦྱོང་གསུམ་འགན་ལེན་བྱེད་པའི“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱས།
         1990ལོར། སྐབས་དེར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་པའི་ཅང་ཙེ་མིན་བོད་ལྗོངས་ལ་རྟོག་ཞིབ་ཏུ་ཕེབས།
         1994ལོར། རྒྱལ་ཁབ་ཀྱིས་དངུལ་སྒོར་ཁྲི་5300བཏང་བའི་ཕོ་བྲང་པོ་ཏ་ལ་ཞིག་གསོ་ལས་གཞི་སྔ་རྟིང་ལོ་བཅུ་བརྒྱུད་མཐར་དངོས་སུ་འགྲུབ།
         1995ལོའི་ཟླ་12ཚེས་8ཉིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཁྲིར་གསོལ་མཛད་སྒོ་བཀྲ་ཤིས་ལྷུན་པོར་བསྡུས།
         1997ལོར། བོད་ཡིག་རྒྱལ་སྤྱིའི་ཨང་སྒྲིག་བྱུང་ཞིལང་། ཀྲུང་གོའི་མི་རིགས་གྲངས་ཉུང་ཁག་ལས་རྒྱལ་སྤྱིའི་ཨང་སྒྲིག་གི་ཡི་གེ་ཡོད་པ་དང་པོ་ཆགས།
         2006ལོའི་ཟླ་7ཚེས་1ཉིན། ཤར་མཚོ་སྔོན་གྱི་ཟི་ལིང་ནས་ཚུགས་ཏེ་ལྷོར་བོད་ལྗོངས་ལྷ་སའི་བར་རིང་ཚད་སྟོང་རྨིད་1956 ཡོད་པའི་མདོ་དབུས་ལྕགས་ལམ་དངོས་སུ་སྤྱོད་མགོ་ཚུགས།
         2007ལོའི་ཟླ་10པར། བོད་རང་སྐྱོང་ལྗོངས་ཀྱིས་《གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་》བཏོན་པ་དེས། བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་སྲུང་ཁེབས་ཚད་100%ལ་སླེབས་པ་མཚོན།
          2008ལོར། བོད་ལྗོངས་ཀྱི་རྫོང་74(གྲོང་ཁྱེར་དང་ཆུས)ནས“ཁྱབ་སྤེལ་དྲུག”གི་ཡིག་རྨོངས་སེལ་ཚར་ཞིང་། རྫོང་70ནས“ཁྱབ་སྤེལ་དགུ”མངོན་དུ་གྱུར།
          2009ལོའི་ཟླ་1ཚེས་19ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་ཉིན་མོ་བཙུགས་ཤིང་། དུས་ཚོད་ལོ་རེའི་སྤྱི་རྩིས་ཀྱི་ཟླ་3ཚེས་28ལ་ཐག་བཅད།
          2013ལོའི་ཟླ་4པར། བོད་ལྗོངས་ཀྱིས་《མཛེས་པའི་བོད་ལྗོངས་འཛུགས་སྐྲུན་སྐོར་གྱི་བསམ་འཆར་》བཏོན་ཞིང་། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཐོག་ཁེབས་ཁྱོན་ཡོངས་ནས་བསྐྲུན།
          2015ལོའི་ཟླ་7པར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཁེབས་འབྱེད་མཛད་སྒོ་ཟླ་6ཚེས་19ཉིན་བཙུགས།
      

    ཕྱོགས་བསྡུས་གསར་འགྱུར།