འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མོན་ལའི་མཚམས་སུ་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་19ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་མོན་ལའི་མཚམས་སུ་བསྐྱོད་པ།
         མི་དམངས་དྲ་བའི་འཕྲིན། མོན་ལའི་མཚམས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5013ཡོད་པ་དང་། དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་མལ་གྲོ་གུང་དཀར་རྫོང་དང་ཉིང་ཁྲིའི་ཀོང་པོ་རྒྱ་མདའ་རྫོང་གཉིས་ཀྱི་འབྲེལ་མཚམས་ཡིན་ལ། ཁྲོན་བོད་གཞུང་ལམ་གྱི་གནས་མཐོ་ཤོས་ཀྱང་རེད། མོན་ལའི་མཚམས་ནི་སྐྱིད་ཆུ་དང་ཉང་ཆུ་གཉིས་ཀྱི་ཆུ་མཚམས་དབྱེ་རི་ཡིན་པ་མ་ཟད། ཉིང་ཁྲི་ས་ཁུལ་གྱི་རྒྱ་མཚོའི་རང་བཞིན་གྱི་གནམ་གཤིས་དང་ལྷ་ས་ས་ཁུལ་གྱི་སྐམ་སའི་དབུས་ཁུལ་རང་བཞིན་གྱི་གནམ་གཤིས་ཀྱི་རང་བྱུང་དབྱེ་མཚམས་ཀྱང་ཡིན་པས། མོན་ལའི་མཚམས་ཀྱི་ནུབ་རྒྱུད་ས་ཁུལ་དུ་གནམ་གཤིས་སྐམ་ཤས་ཆེ་ལ་དྲོད་ཚད་ཅུང་དམའ་བ་དང་། ཤར་རྒྱུད་ས་ཁུལ་ནི་དྲོ་གྲང་སྙོམས་ཤིང་བརླན་བཤེར་ལྡན་པས། རྩི་ཤིང་ཁྱབ་ཅིང་སྟུག་པོ་ཡོད་པ་རེད།
    ༄༅།།བོད་ལྗོངས་མོན་ལའི་མཚམས་སུ་བསྐྱོད་པ།
    ༄༅།།བོད་ལྗོངས་མོན་ལའི་མཚམས་སུ་བསྐྱོད་པ།
    ༄༅།།བོད་ལྗོངས་མོན་ལའི་མཚམས་སུ་བསྐྱོད་པ།
      

    ཕྱོགས་བསྡུས་གསར་འགྱུར།