འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ཐིང་རིམ་པ་རྒན་པའི་ལས་བྱེད་པ་ཞིག་འཛིན་བཟུང་བྱེད་རྒྱུར་ཆོག་མཆན་བཀོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་19ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    བློ་བཟང་ཚེ་རིང་།
    བློ་བཟང་ཚེ་རིང་།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་18ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་གསལ། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ནག་ཉེས་བསགས་དོགས་ཡོད་པའི་ལྷོ་ཁ་ས་ཁུལ་ཏང་ཨུའི་ཧྲུའུ་ཅི་ཟུར་པ་བློ་བཟང་ཚེ་རིང་(ཐིང་རིམ་པ་རྒན་པ། 正厅级)ཁྲིམས་ལྟར་འཛིན་བཟུང་བྱེད་དོན་ཐག་བཅད་པ་རེད། བློ་བཟང་ཚེ་རིང་ནི་མིག་སྔར་བོད་ལྗོངས་ལ་ཡོངས་གྲགས་སུ་རྩད་ཞིབ་ཐག་གཅོད་བྱས་པའི་རིམ་པ་མཐོ་ཤོས་ཀྱི་དཔོན་རིགས་ཤིག་རེད།
         2015ལོའི་ཟླ་1ཚེས་28ཉིན་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་ཏང་ཨུའི་ཧྲུའུ་ཅི་ཟུར་པ་བློ་བཟང་ཚེ་རིང་ལ་སྒྲིག་ཁྲིམས་ལ་ཚབས་ཆེན་འགལ་བའི་དོགས་པ་ཡོད་པས། མིག་སྔར་རྩ་འཛུགས་ཀྱི་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། བློ་བཟང་ཚེ་རིང་གི་ལོ་རྒྱུས་ལས་གསལ་བ་ལྟར་ན། བློ་བཟང་ཚེ་རིང་གིས་ཆབ་མདོ་དང་། ཉིང་ཁྲི། གཞིས་ཀ་རྩེ། ལྷོ་ཁ་སོགས་སུ་ལས་ཀ་བྱེད་མྱོང་བ་དང་། བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་ཏང་ཨུའི་ཧྲུའུ་ཅི་སོགས་ཀྱི་གོ་གནས་གལ་ཆེན་འཁུར་མྱོང་། མིག་སྔར་བློ་བཟང་ཚེ་རིང་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་བརྟག་དཔྱད་ལས་ཀ་སྔར་བཞིན་སྒྲུབ་བཞིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།