འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་མི་གསོད་ཉེས་ཅན་གཉིས་བཙོན་སྲུང་ཚགས་དམ་པོའི་བཙོན་ཁང་ནས་བྲོས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་09ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཨ་རིའི་མི་གསོད་ཉེས་ཅན་གཉིས་བཙོན་སྲུང་ཚགས་དམ་པོའི་བཙོན་ཁང་ནས་བྲོས་པ།
         མི་དམངས་དྲ་བའི་འཕྲིན། ཨ་རིའི་ཉིའུ་གཡོད་ཀྲོའུ་ཀྲོའུ་ཀྲང་ཨན་ཏེ་ལུའུ•ཁོ་མོ་ཡིས་ཟླ་6ཚེས་6ཉིན་ར་སྤྲོད་བྱས་པ་ལྟར་ན། མི་གསོད་ཉེས་ཅན་གཉིས་ཉིའུ་གཡོད་ཀྲོའུ་ཡི་བཙོན་སྲུང་བྱེད་ཐབས་ཧ་ཅང་ཚགས་དམ་པོ་ཡིན་པའི་ཁེ་ལིན་ཏུན་བཙོན་ཁང་ནས་བྲོས་པ་རེད། ཉེས་ཅན་བཙོན་པ་གཉིས་ཀྱིས་གློག་སྒུལ་ལག་ཆ་སྤྱད་དེ་ས་དུང་དྲུས་ཏེ་བྲོས་ཤིང་། མིག་སྔར་སྡེ་ཁག་མང་པོས་མཉམ་འབྲེལ་ཐོག་འཛིན་བཟུང་བྱེད་ཀྱི་ཡོད་པ་རེད།
         བཙོན་པ་དེ་གཉིས་ནི་ལོ་34ལ་སོན་པའི་ཏེ་ཝེ•སི་ཝེ་ཨ་ཐེ་དང་ལོ་48ལ་སོན་པའི་ལི་ཁྲ་ཏི•མ་ཐེ་ཟེར་བ་གཉིས་ཡིན་པ་དང་། སི་ཝེ་ཨ་ཐེ་ཡིས་རྫོང་ཞིག་གི་ཉེན་རྟོག་དཔོན་གཞོན་པ་ཞིག་བསད་པས། རིམ་པ་དང་པོའི་ལྐོག་གསོད་ཉེས་ཅན་གྱི་ཆད་པ་ཕོག་ནས་མི་ཚེ་ཧྲིལ་པོར་བཙན་དུ་འཇུག་པའི་ཉེས་ཆད་བཅད་ཅིང་། གློད་ཚོད་བགམ་གློད་འགྲོལ་བཏང་མི་ཆོག་པ་རེད། མ་ཐེ་ཡིས་1997ལོར་རང་ཉིད་ཀྱི་གླ་བདག་བཙན་ཁྲིད་དང་དམར་གསོད་བྱས་རྗེས་བེམ་རོ་དུམ་བུར་བཅད་པ་དང་། དེའི་རྗེས་མོ་ཞི་ཁོ་རུ་བྲོས་པ་དང་། ས་གནས་དེ་གར་ཡང་འཕྲོག་བཅོམ་དང་མི་བསད་པའི་ཉེས་པ་བསགས་པས་ཨ་རིར་བསྐྱལ་བའི་རྗེས་བཙོན་དུ་ལོ་25འཇུག་པའི་ཉེས་ཆད་བཅད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】
    ༄༅།།ཨ་རིའི་མི་གསོད་ཉེས་ཅན་གཉིས་བཙོན་སྲུང་ཚགས་དམ་པོའི་བཙོན་ཁང་ནས་བྲོས་པ།
      

    ཕྱོགས་བསྡུས་གསར་འགྱུར།