འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཁྱིམ་གཞིས་མཛེས་བཟོ་བྱས་ནས་འབྱུང་འཕྲོད་འཚོ་བ་གཏོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་09ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཟི་ལིང་གྲོང་ཁྱེར་བྱང་འདབས་ཁུལ་གྱིས་དྲ་མིག་ཅན་གྱི་ཁོར་ཡུག་ལྟ་སྲུང་བ་དང་ཁོར་ཡུག་སྲུང་སྐྱོང་འོས་འགན་ལྟ་ཞིབ་པ་867ལ་གཟེངས་བསྟོད་བྱས་ནས་ཁོང་ཚོས་ཁོར་ཡུག་སྲུང་སྐྱོང་ལ་བྱ་བ་ཕྲན་ཚེགས་ནས་གཞོལ་རྒྱུར་ལྕག་སྐུལ་བྱས་ཤིང་། འཛམ་གླིང་ཁོར་ཡུག་ཉིན་མོ་འཆར་ལ་ཉེ་བའི་སྐབས་མཚོ་སྔོན་གྱི་ལས་རིགས་ཁག་གིས“ཁྱིམ་གཞིས་མཛེས་བཟོ་བྱས་ནས་འབྱུང་འཕྲོད་འཚོ་བ་གཏོད་པ”བརྗོད་དོན་གཙོ་བོར་བྱས་པའི་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་བྱེད་སྒོ་སྤེལ་ཏེ་ཁོར་ཡུག་སྲུང་སྐྱོང་དང་། སྣོད་བཅུད་གཅེས་སྤྲས་ཀྱིས་འབྱུང་འཕྲོད་འཚོ་བ་གཏོད་དགོས་པའི་འབོད་སྐུལ་བྱས་པ་རེད།
         ཟི་ལིང་གྲོང་ཁྱེར་གྱིས་སྦགས་བཅོས་འགག་སྒྲོལ་བྱས་ནས་ཐལ་རྡུལ་དང་། བཟོ་ལས་དང་འཕྲུལ་འཁོར་གྱི་སྣུམ་རླངས་དང་རྡོ་སོལ་གྱི་དུ་བ་སོགས་ཀྱི་སྦགས་བཙོག་གཙོ་གནད་དུ་བཅོས་སྒྲིག་བྱས་པར་འདི་ལོའི་ལོ་སྟོད་དུ་ཟི་ལིང་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་73.5%ཟིན་ནས་ཡག་ཙམ་སླེབས་ཡོད། འདི་ལོའི་ཟླ་བདུན་པ་ནས་བཟུང་ཟི་ལིང་གྲོང་ཁྱེར་གྱིས་ཟླ་རེར་ཁུལ་བཞི་རྫོང་གསུམ་གྱི་མཁའ་རླུང་སྤུས་ཚད་སྦང་སྒྲིག་དང་། དེ་བཞིན་ས་ཁོངས་ཀྱི་ཙོང་ཆུ་དང་ཆུ་ལག་གི་ཆུའི་སྤུས་ཚད་སྦང་སྒྲིག་ཡོངས་བསྒྲགས་བྱས་ནས་གྲོང་མིར་གནས་ཚུལ་ཤེས་སུ་བཅུག་སྟེ་ལྟ་སྐུལ་ཞིབ་བཤེར་ཡོང་བ་བྱ་རྒྱུ་ཡིན་པ་རེད།
         གསེར་ཁོག་རྫོང་དུ་ཡོད་པའི་ཆུ་མིག་ནག་པོའི་ཆུ་མཛོད་ནི་ཟི་ལིང་བའི་འཐུང་ཆུའི་འབྱུང་ཁུངས་སུ་གྱུར་ཡོད། ཆུ་ཁུངས་མི་ཉམས་པ་དང་ཆུ་མཛོད་ཉེ་འཁོར་གྱི་ཤིང་རྒྱ་བསྡམས་ཆེད་དགོན་ཐང་གྲོང་ཚོ་སོགས་ཀྱི་མང་ཚོགས་ཀྱིས་མི་རབས་སུ་སྤྱོད་པའི་ས་ཁྲི་ཆུ་དྲོས་ཀྱི་གདན་དུ་བསྒྱུར་བ་མ་ཟད། ས་གནས་སུ་ཕྱུགས་རྩྭ་དོ་མཉམ་ཡོང་ཆེད་ནོར་ལུག་ཐོལ་པ་དག་ལྷས་སུ་བཅུག་ནས་གསོས་པ་དང་། ཡུལ་མིས་ཐང་ཤིང་སྤྲིན་རིས་ཀྱི་དཔལ་འབྱོར་ནགས་ཤིང་བཏབ་ནས་སྔོན་མའི་ཤིང་གཅོད་མཁན་ད་ཆའི་ཤིང་སྣ་འདེབས་མཁན་དང་སྲུང་མཁན་དུ་བསྒྱུར་ཏེ་ན་ནིང་གསེར་ཁོག་ཏུ་ནགས་ཤིང་ཁེབས་ཚད་38%ཟིན་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ལ། རྩྭ་ར་སྲུང་ཆེད་ཤིང་སོན་བཏབ་ནས་ཆུ་རྩ་མི་ཉམས་པར་བྱས་ཡོད།
         ན་ནིང་གྲོང་གསེབ་ཏུ་གད་སྙིགས་གང་བྱུང་དབྱུགས་ནས་སྤུངས་པ་བཅོས་སྒྲིག་བྱེད་དཀའ་ཡང་། གསེར་ཁོག་རྫོང་གིས་ཞ་ཡན་གྲོང་ཚོའི་ལམ་ཨ་མའི་འགྲམ་དུ་གད་སྙིགས་བླུག་སྣོད་བཞག་ནས་གད་སྙིགས་གཅིག་གྱུར་ཐོག་དབོར་འགྲོ་བ་མ་ཟད། གད་སྙིགས་དབོར་འདྲེན་རླངས་འཁོར་ཞིག་ཀྱང་བཏང་ལ། ཡུལ་མིའི་ཁྲོད་ནས་གད་པ་2བཀོད་སྒྲིག་གིས་དུས་ཐོག་ཏུ་གྲོང་ཚོར་བསྐྱོད་ས་དང་གྲོང་ཚོའི་ནང་གི་ལམ་ཨ་མར་གད་བརྡར་བྱས་པས“སྐྱིད་སྣང་དོད་པའི་གྲོང་གསེབ”ཀྱི་དཔེ་སྟོན་གྲོང་ཚོ་300དག་བཙོག་ཟིང་ཞན་གསུམ་མེད་པར་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།