འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དེ་ཉིད་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྣེ་ཁྲིད་པར་འགྱུར་སྲིད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་09ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིར་འཚོག་བཞིན་ཡོད་པའི་སྐབས་བཅུ་པའི་འཛམ་གླིང་ཧོའེ་ཐེ་ཧའེ་ཚོགས་ཆེན་དང་སྐབས་དགུ་པའི་སྣོད་བཅུད་ཤེས་དཔལ་གྱི་རྒྱལ་སྤྱིའི་གླེང་སྟེགས་ཐོག་ཨ་རིའི་སྣོད་བཅུད་རིགས་གཅིག་མཁས་ཅན་གྱིས་ཀྲུང་གོ་སྲིད་གཞུང་གིས་སྣོད་བཅུད་ཤེས་དཔལ་ལ་གཙིགས་ཆེན་བྱས་པར་བསྔགས་བརྗོད་བྱས་པ་དང་ཀྲུང་གོ་དེ་ཉིད་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཕྱོགས་མང་པོའི་ཐད་ཀྱི་སྣེ་ཁྲིད་པར་འགྱུར་སྲིད་པའི་ངོས་འཛིན་བྱས་པ་རེད།
         ད་ཐེངས་ཀྱི་ཚོགས་འདུ་ནི་སྣོད་བཅུད་ཤེས་དཔལ་བརྗོད་དོན་གཙོ་བོ་དང་གྲོས་བསྡུར་བརྗོད་གཞི་རྒྱ་ཆེ་བའི་རྒྱལ་སྤྱིའི་ཚོགས་འདུ་ཆེ་གྲས་ཤིག་ཡིན་ཞིང་། ཚེས་4ཉིན་ཨ་རིའི་ཁ་ལི་ཧྥོ་ནེ་ཡ་ཀྲོའུ་ཡི་ཁེ་ལའེ་མོང་གྲོང་ཁྱེར་དུ་ཚོགས་འགོ་ཚུགས་པ་དང་བརྗོད་དོན་གཙོ་བོ་ནི“གདམ་ག་གཞན་ཞིག་སྟངས་འཛིན་ཐུབ་པ་བྱས་ནས་——སྣོད་བཅུད་ཤེས་དཔལ་གྱི་ཕྱོགས་སུ་སྐྱོད”ཅེས་པ་དེ་ཡིན་པ་རེད། རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ནས་ཡོང་བའི་མཁས་དབང་1600ལྷག་ཙམ་ཚོགས་འདུར་ཞུགས་པ་དང་དེའི་ནང་ཀྲུང་གོའི་རིགས་གཅིག་མཁས་ཅན་དང་མཁས་དབང་200ཞུགས་ཡོད་པས་ཀྲུང་གོའི་བརྗོད་གཞིར་དོ་ཁུར་ཆེན་པོ་བྱུང་ཡོད་པ་རེད།
         ད་ཐེངས་ཚོགས་འདུའི་སྣེ་ཁྲིད་སྐུལ་སློང་བྱེད་མཁན་ཨ་རིའི་གྲགས་ཅན་སྣོད་བཅུད་མཚན་ཉིད་རིག་པ་མཁས་ཅན་དང་ཨ་རིའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ཚན་རིག་ཁང་གི་ཡོའན་ཧྲི་གཡོད་ཧན·ཁོ་པུ་ཆུང་བས་སྣོད་བཅུད་ཤེས་དཔལ་གྱི་མ་འོངས་པ་དེ་ཀྲུང་གོར་རག་ལུས་ཡོད་པའི་ངོས་འཛིན་བྱས་པ་རེད།
         ཚེས་5ཉིན་ཁོ་པུས་ཚོགས་འདུའི་ཐོག“ཀྲུང་གོ་སྲིད་གཞུང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སེམས་ཐག་བཅད་པ་དང་སྲིད་གཞུང་ངོས་ནས་དེའི་ཐད་ལ་ངོས་འཛིན་བྱུང་བ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན། དེ་ནི་ཨ་རི་སྲིད་གཞུང་གིས་སྒྲུབ་ཐུབ་མེད་པ་ཞིག་རེད། སྣོད་བཅུད་ཤེས་དཔལ་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་མངོན་འགྱུར་བྱེད་པར་ཀྲུང་གོས་ལས་ཀ་མང་པོ་བྱེད་དགོས་ཀྱི་ཡོད་ལ་གནད་དོན་ཡང་མང་དག་འཕྲད་ངེས་རེད། འོན་ཀྱང་ལམ་བུ་དེ་ནི་ཡང་དག་པ་ཞིག་ཡིན་པ་ཨ་ཅང་བརྗོད་མེད་རེད”ཅེས་བརྗོད།
         ཁོ་པུས“སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཕྱོགས་མང་པོའི་ཐད་ཀྲུང་གོ་དེ་ཉིད་སྣེ་ཁྲིད་པར་འགྱུར་སྲིད། ངའི་རེ་བར་རྒྱལ་ཁབ་གཞན་དག་གིས་ཀྲུང་གོའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་དགོས་པའི”ངོས་འཛིན་བྱེད་ཀྱི་ཡོད།
         ཚོགས་འདུར་ཞུགས་པའི་ཨ་རིའི་མཁས་དབང་ཞིག་གིས་གསར་འགོད་པར“ད་ཆ་ཀྲུང་གོར་བསྐྱར་སྐྱེས་ནུས་ཁུངས་ཐད་ལ་སྔོན་སྐྱོད་ཀྱི་ལེགས་ཆ་ལྡན་པ་དང་ལྷག་པར་དུ་ཉི་ནུས་དང་རླུང་ནུས་ཁྱབ་ཁོངས་སུ་ལས་རིགས་ཀྱི་ཚད་གཞི་བཟོ་བའི་ནུས་པ་ལྡན་ཡོད། ཀྲུང་གོ་སྲིད་གཞུང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་ཀྱིས་མི་ཚོར་སྐུལ་མ་ཐེབས་ཐུབ”ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།