འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་གྲོ་བརྔ་བསྡུའི་མྱུར་ཚད་བརྒྱ་ཆ་སུམ་ཅུ་ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་08ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཞིང་ལས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་6ཚེས་5ཉིན་གྱི་ཆུ་ཚོད་17ཙམ་བར་རྒྱལ་ཡོངས་ཀྱིས་གྲོ་མུའུ་ཁྲི་10197བརྔ་བསྡུ་ཟིན་ནས་གྲོ་བརྔ་བསྡུའི་མྱུར་ཚད་བརྒྱ་ཆ་སུམ་ཅུ་ཙམ་ཟིན་ཡོད། ཉིན་དེར་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་ཁྲི་30.6བཏང་ནས་ཉིན་གཅིག་རིང་གྲོ་མུའུ་ཁྲི་1576འཕྲུལ་བསྡུ་བྱས་ཡོད།
         མིག་སྔར་རྒྱལ་ཡོངས་ཀྱིས་གྲོ་མུའུ་ཁྲི་8258འཕྲུལ་བསྡུ་བྱས་ནས་འཕྲུལ་བསྡུའི་བསྡུར་གྲངས་81%ཟིན་ཡོད། ཨན་ཧུའེ་ཡིས་གྲོ་མུའུ་ཁྲི་1824བསྡུས་ནས་མྱུར་ཚད་བརྒྱ་ཆ་བཞི་བཅུ་ལྷག་ཙམ་ཟིན་པ་དང་། ཅང་སུའུ་ཡིས་གྲོ་མུའུ་762བསྡུས་ནས་མྱུར་ཚད་བརྒྱ་ཆ་ཉི་ཤུ་ལྷག་ཙམ་ཟིན་པ། ཧོ་ནན་གྱིས་གྲོ་མུའུ་2860བསྡུས་ནས་མྱུར་ཚད་བརྒྱ་ཆ་སུམ་ཅུ་ལྷག་ཙམ་ཟིན་པ། ཧྲན་ཏུང་ཞིང་ཆེན་གྱིས་ལུའུ་ནན་ས་ཁུལ་དུ་ཁྱོན་ཡོངས་ནས་འཕྲུལ་བསྡུ་བྱེད་འགོ་ཚུགས་ནས་ད་བར་ཞིང་ཆེན་ཡོངས་ཀྱིས་གྲོ་མུའུ་ཁྲི་282བརྔ་བསྡུ་ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།