འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ལོ་དྲུག་རིང་བྱེ་སྐྱོན་འགོག་བཅོས་བྱེད་རྒྱ་མུའུ་ཁྲི་188ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་08ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱིས་2009ལོ་ནས་བཟུང་ཁྱོན་བསྡོམས་བྱེ་སྐྱོན་འགོག་བཅོས་བྱེད་རྒྱ་མུའུ་ཁྲི་188.4ལེགས་འགྲུབ་བྱས་པ་དང་། ཀྲུང་དབྱང་གི་སྔོན་རྩིས་ནང་འཁོད་པའི་མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར་3.74དོན་ཐོག་ཏུ་འཁྱོལ་ནས་བྱེ་སྐྱོན་འགོག་བཅོས་བྱེད་པའི་ཐད་ཕན་འབྲས་མངོན་གསལ་ཆེན་པོ་ཐོབ་ཅིང་། ས་གནས་དེ་ག་ཐང་རྒོད་དང་བྱེ་ཐང་དུ་གྱུར་པའི་ས་ཆ་རྒྱ་ཆེ་རུ་འགྲོ་བའི་གནས་ཚུལ་བཀག་འགོག་བྱེད་ཐུབ་པ་རེད།
         རྒྱལ་ཡོངས་ཀྱི་ཐང་རྒོད་དང་བྱེ་ཐང་དུ་འགྱུར་ཚུལ་ལྟ་ཞིབ་ཚད་ལེན་ཐེངས་གསུམ་པ་དང་ཐེངས་བཞི་པ་བྱས་འབྲས་དང་བསྡུར་པར་གཞིགས་ན་བོད་ལྗོངས་ཀྱི་ཐང་རྒོད་ཅན་དུ་གྱུར་པའི་ས་ཆ་ཀུང་ཆིན་ཁྲི་7.99ཉུང་དུ་སོང་བ་དང་། བྱེ་ཐང་ཅན་དུ་གྱུར་པའི་ས་ཀུང་ཆིན་ཁྲི་6.57ཉུང་དུ་སོང་བ་མ་ཟད། ལྷོ་ཁ་ས་ཁུལ་དུ་གནས་པའི་གོང་དཀར་གནམ་གྲུ་ཐང་དུ་གནམ་གྲུ་ འབབ་འཕུར་ལ་གནོད་རྐྱེན་བཟོ་བའི་བྱེ་རླུང་གི་གནམ་གཤིས་སྔོན་མ་ལོ་རེར་ཉིན་60ཡིན་པ་ནས་དེང་སྐབས་ལོ་རེར་ཉིན་20རུ་ཉུང་བུ་སོང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།