འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་19ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་།
         བསམ་ཡས་དགོན་ནི་བོད་ཀྱི་དགོན་པ་རྙིང་ཤོས་ཤིག་ཡིན་པ་དང་། དེའི་མཚན་རྒྱས་པར་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་ཟེར། དགོན་པ་འདི་ནི་བོད་ལྗོངས་ཀྱི་གནས་རི་བཞི་ཡི་ཡ་གྱལ་བསམ་ཡས་ཧས་པོ་རིའི་འདབས་ན་ཡོད་ཅིང་། དེ་ནི་སྤྱི་ལོ་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ཟ་ཧོར་གྱི་གདུང་ལས་བལྟམས་པའི་མཁན་ཆེན་བྷོ་དྷི་ས་ཏྭ་དང་། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས་རྗེས་སློབ་དཔོན་གྱིས་ས་དཔྱད་བརྟགས་ནས་ཆུ་ཕོ་སྟག་སྟེ་སྤྱི་ལོ་762ལ་རྨང་བཏིངས་ཏེ་ལོ་གསུམ་གྱི་རིང་ལ་ཡོངས་སུ་གྲུབ། དགོན་པ་འདི་ནི་བོད་དུ་སངས་རྒྱས་ཆོས་ལུགས་དར་བའི་གཙུག་ལག་ཁང་ཐོག་མ་ཡིན་ལ། བོད་ཀྱི་རབ་བྱུང་བའི་སྡེ་ཐོག་མ་ཡང་འདི་ནས་བྱུང་། གཙུག་ལག་ཁང་ལ་ཐོག་བརྩེགས་རིམ་པ་གསུམ་ལྡན་པ་དང་། མཐའ་བཞིར་ལྕགས་རིས་བསྐོར་ཡོད་པ་མ་ཟད་གླིང་བཞི་གླིང་ཕྲན་གྱིས་བརྒྱན་ཡོད། ཤར་དུ་སད་མི་བདུན་རབ་ཏུ་བྱུང་གནས་རྣམ་དག་ཁྲིམས་ཁང་གླིང་དང་། ཆོས་དཔྱད་བྱ་ཡུལ་མཁྱེན་རབ་འཇམ་དཔལ་གླིང་། བརྡ་སློབ་ཁང་བརྡ་སྦྱོར་ཚང་མང་གླིང་། ལྷོ་རུ་སྔགས་ཀྱི་སྲི་གཏད་མནན་ཁང་བདུད་འདུལ་སྔགས་པ་གླིང་། བཙན་པོའི་རྟ་མགྲིན་སྒྲུབ་གནས་ཨརྱ་པ་ལོའི་གླིང་། ཆོས་སྒྱུར་ཁང་སྒྲ་སྒྱུར་རྒྱ་གར་གླིང་། ནུབ་ཏུ་བཻ་རོ་ཙཱ་ན་བཞུགས་ཡུལ་བཻ་རོ་ཙཱ་ནའི་གླིང་། མ་འོངས་ལུང་བསྟན་ཁང་བྱམས་པ་གླིང་། བསམ་གཏན་སྒོམ་ཁང་བསམ་གཏན་གླིང་། བྱང་དུ་རིན་ཆེན་གཏེར་མཛོད་ཁང་རིན་ཆེན་སྣ་ཚོགས་གླིང་། བྱང་ཆུབ་སེམས་བསྐྱེད་གནས་བྱང་ཆུབ་སེམས་བསྐྱེད་གླིང་། མཛོད་ཁང་པད་དཀར་དཀར་མཛོད་གླིང་སོགས་ཡོད།
    【1】  【2】  【3】  【4】  【5】  【6】
    ༄༅།།དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་།
      

    ཕྱོགས་བསྡུས་གསར་འགྱུར།