འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་ལས་མིའི་གླ་ཕོགས་ཟླ་6པའི་ཟླ་མཇུག་གི་སྔོན་དུ་ལེགས་
    སྒྲིག་དོན་འཁྱོལ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་19ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་ལས་མིའི་གླ་ཕོགས་ལེགས་སྒྲིག་བྱེད་དོན་དོན་ཐོག་ཏུ་འཁྱོལ་བའི་དུས་ཚོད་རེའུ་མིག་གཏན་འཁེལ་གནང་སྟེ“ན་ནིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་གླ་ཕོགས་དང་རྒན་གསོའི་འགན་བཅོལ་ལམ་ལུགས་སྐོར་སྲིད་ཇུས་བཏོན་པ་དང་། ད་ལོའི་ཟླ་6པའི་ཟླ་མཇུག་གི་སྔོན་ལ་ས་གནས་ཁག་གི་གླ་ཕོགས་ལེགས་སྒྲིག་བྱེད་དོན་ངེས་པར་དུ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས”ཞེས་གསུངས།
         འདིའི་ཐོག་ནས་འདི་ལོའི་ཟླ་6པའི་ཟླ་མཇུག་གི་སྔོན་དུ་ཁྲི་4000ལ་ཉེ་བའི་ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་ལས་སྒྲུབ་མི་སྣ་རྣམས་ཀྱི་གླ་ཕོགས་ལེགས་སྒྲིག་བྱེད་རྒྱུ་ཡིན་པ་མཚོན་པ་རེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་དེའི་སྔོན་དུ་ཕྱིར་བསྒྲགས་བྱས་པ་ལྟར་ན། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་གཞིགས་ནས་རྩིས་བརྒྱབ་ན། ཟླ་རེར་མི་རེར་ཆ་སྙོམས་སུ་གླ་ཕོགས་སྒོར་300ཡས་མས་རེ་འཕར་རྒྱུ་རེད།
         ལི་ཁེ་ཆང་གིས་ཚེས་12ཉིན་འཚོགས་པའི་རྒྱལ་ཡོངས་སུ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། དོ་དམ་ལྷོད་གཏོང་བྱེད་རྒྱུ་དང་འགན་ནུས་ལེགས་འགྱུར་བྱེད་རྒྱུ་ཟུང་འབྲེལ་བྱེད་པར་སྐུལ་སྤེལ་གཏོང་བའི་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་གོང་གསལ་བསྟན་གནང་བ་ཡིན་ཞིང་། ཚེས་15ཉིན་ལི་ཁེ་ཆང་གིས་ཐེངས་འདིའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཡོངས་རྫོགས་ཁྱབ་བསྒྲགས་བྱས་པ་རེད། གསར་འགོད་པས་ཙུང་ལི་ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས་ད་དུང“‘གཞོགས་སྒོ’མཐའ་གཅིག་ཏུ་བཀག་སྟེ་གཞུང་ལས་མི་སྣས་དབང་ཆར་བརྟེན་ནས་བགོ་བཤའ་རྒྱག་པར་ཞུགས་ཏེ་ཚུལ་མིན་ཁེ་ཕན་ཧམ་ལེན་བྱེད་པའི་གནད་དོན་ཐག་གཅོད་བྱེད་དགོས་ལ། ‘གཞུང་སྒོ’ཡང་ཕྱེ་སྟེ་རྒྱུན་ལྡན་གྱི་གླ་ཕོགས་འཕར་བའི་རྐྱེན་སྲོལ་ཡང་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས”ཞེས་བསྟན་གནང་བར་ཡིད་འཇོག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།