འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།“སྒོ་ཀུན་ནས་བཞིར”སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་འགྲིལ་དགོས། 

    —— རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་ཉེའི་སྐབས་སུ་བྲིས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་23ཉིན། 21:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         དཔྱིད་དཔལ་བཞད་པའི་སྐབས་འདིར་མི་རིགས་ཁག་དང་ལས་རིགས་ཁག་དང་དེ་བཞིན་ཏང་ཤོག་ཁག་དང་ཚོགས་པ་བཅས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རིམ་གྱིས་པེ་ཅིང་དུ་འབྱོར། འཚོག་ཉེར་ཡོད་པའི“ཚོགས་འདུ་གཉིས”ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འཐབ་ལམ་ཐོག་མཚོན་རྟགས་གསར་པ་ཞིག་འགོད་རྒྱུ་རེད།
          རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་ནི་དམིགས་བསལ་གྱི་དུས་དང་གལ་ཆེའི་མཚམས་ཚིགས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བ། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་། སྒོ་ཀུན་ནས་ཏང་ནན་སྐྱོང་བཅས་ཀྱི་འཐབ་ཇུས་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་དཔུང་སྐྱོད་ཀྱི་དུང་སྒྲ་གྲགས་ཟིན་པས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་བརྗིད་ཆེའི་འཆར་འགོད་དེ་བས་གསལ་དུ་ཕྱིན་ཡོད། དུས་བབ་གསར་པ་དང་ལས་འགན་གསར་པར་ཕྱོགས་ནས་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆབ་སྲིད་གྲོས་མོལ་གྱི་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱུན་ཆད་མེད་པར་གསོན་ཤུགས་དང་སྒུལ་ཤུགས་བསྣན་ནས་ཀྲུང་གོའི་ཕུགས་འདུན་དེ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་ཡིན།
         ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ནི་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཁྱད་འཕགས་ཀྱི་མངོན་ཚུལ་གལ་ཆེན་ཞིག་ཀྱང་ཡིན། ལོ་ངོ་65ཡི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་པའི་མི་དམངས་སྲིད་གྲོས་ནི“ཀྲུང་གོའི་ལོ་རྒྱུས་རིག་གནས་རྩ་བར་འཛིན་པ་དང་། ཉེ་རབས་རྗེས་ཀྱི་ཀྲུང་གོ་མི་དམངས་ཀྱི་གསར་བརྗེའི་རླབས་ཆེན་འཐབ་རྩོད་ཁྲོད་ཐོན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འོད་ཟེར་ལྡན་པའི་ལག་ལེན་ནང་འཕེལ་རྒྱས་བྱུང་བ་བཅས་ཀྲུང་གོའི་ཁྱད་ཆོས་མངོན་གསལ་ལྡན་པས་དེ་ནི་རྒྱལ་ཁབ་འབྱོར་ཕྱུག་དང་། མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན”རྒྱལ་ཁབ་འཕེལ་རྒྱས་ཆེད་ཐབས་དང་ཇུས་འདོན་པ་དང་དམངས་འཚོ་ལེགས་སུ་གཏོང་ཆེད་རྟོག་ཞིབ་དང་ཇུས་བཟང་བཏོན་ཞིང་། མི་དམངས་སྲིད་གྲོས་ཀྱི་ཕྲག་ཐོག་གི་འགན་འཁྲི་ལྕི་ལ་ལས་བྱེད་པ་དང་མང་ཚོགས་ཀྱིས་རེ་བ་ཟབ་མོ་བཅོལ་ཡོད། མི་དམངས་སྲིད་གྲོས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་ཆད་མེད་པར་དར་སྤེལ་གཏོང་རྒྱུ་དང་བརྗོད་དོན་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས་བྱ་རྒྱུ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་བཅས་ནི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བའི་ལས་འགན་གལ་ཆེན་ཞིག་ཡིན་ལ། ཏང་དང་མི་དམངས་ཀྱིས་སྲིད་གྲོས་རྩ་འཛུགས་ལ་དཀྲིས་པའི་གཟི་བརྗིད་ཀྱི་འོས་འགན་ཞིག་ཀྱང་ཡིན།
         མི་དམངས་སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཡིན་ལ། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་དང་ཡར་རྒྱས་གཏོང་བའི་རྩ་བའི་འགན་ལེན་ཞིག་ཀྱང་ཡིན།
         མཐུན་སྒྲིལ་ནི་སྟོབས་ཤུགས་ཀྱི་རྩ་བ་དང་། དམངས་གཙོ་ནི་གསོན་ཤུགས་ཀྱི་འབྱུང་རྩ་ཡིན། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཤེས་ལྡན་པའི་མཛོད་དང་། རྒྱལ་ཁབ་ལ་ཐབས་ཇུས་འདོན་མཁན་གྱི་བློ་གྲོས་ཚོགས་པ། འཐབ་ཕྱོགས་གཅིག་གྱུར་གྱི་སྦྲེལ་ཟམ་བཅས་ཡིན་པའི་མི་དམངས་སྲིད་གྲོས་ཀྱིས་བརྗོད་དོན་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་གཉིས་ལ་དམ་པོར་དམིགས་ནས་ལས་དོན་སྤེལ་དགོས་པ་དང་། དེའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་མངོན་པའི་ཞིབ་ཕྲའི་མངོན་ཚུལ་ཞིག་ཡིན་ལ་སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲི་བསྒྲུབ་རྒྱུ་དང“སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བའི་ལས་འགན་གྱི་གཏོགས་ཁོངས་ཤིག་ཀྱང་ཡིན། གྲོས་མོལ་གྱི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་གྲོས་མོལ་དམངས་གཙོར་སྐུལ་འདེད་བཏང་ཚེ། སྤྱི་ཚོགས་ལ་མཐུན་སྒྲིལ་བྱ་རྒྱུ་ཟབ་ཏུ་གཏོང་ཐུབ་པ་དང་།ཕྱོགས་ཁག་གི་སྟོབས་ཤུགས་འགྲིལ་ཐུབ་པ། གསར་གཏོད་ཀྱི་སྤྲོ་སེམས་འཕེལ་ཐུབ་པ། སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་ཐུབ་པ་བཅས་བྱུང་ནས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བ། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་། སྒོ་ཀུན་ནས་ཏང་ནན་སྐྱོང་བཅས་ཀྱི་གོང་བུ་འགྲིལ་ཤུགས་ལག་བསྟར་དོན་འཁྱོལ་ཐུབ་པ་མ་ཟད། ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱི་བློ་གྲོས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་སྟེ་འདོན་སྤེལ་ཐུབ་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་གལ་་ཆེ་ལ་འགག་རྩའི་གོམ་པ་སྤོ་ཐུབ།
         “སྒོ་ཀུན་ནས་བཞི”ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་བཀོད་ཇུས་ཤིག་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ཁྲིད་སྟོན་ཞིག་ཡིན། ཁེ་ཕན་གྱི་ཆགས་སྟངས་ལེགས་སྒྲིག་གཏིང་ཟབ་བྱུང་བ་དང་། འགལ་ཟླ་གསར་རྙིང་མཉམ་དུ་གནས་པ། བསམ་བློའི་འདུ་ཤེས་སྣ་མང་བཅས་ལས་བྱུང་བའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཕྱོགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོར་ཤུགས་སྣོན་རྒྱག་རྒྱུར་དེ་བས་གལ་འགངས་ཆེ་བའི་མངོན་ཡོད་ཀྱི་དོན་སྙིང་གལ་ཆེན་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་གལ་ཆེན་ལྡན་ཡོད། སྲིད་གྲོས་ཨུ་ཡོན་གྱི་སྲིད་ཞུགས་སྲིད་གྲོས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་དེ་ནི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་ལ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་དམངས་ཀྱི་བློ་གྲོས་གཅིག་སྡུད་དང་སྤྱི་དམངས་གོ་རིམ་ལྡན་པའི་ངང་ཆབ་སྲིད་ནང་ཞུགས་རྒྱུ་འགན་ལེན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། དེ་བས་རང་འགུལ་དང་དེ་བས་གསར་གཏོད་ལྡན་པའི་གྲོས་མོལ་དམངས་གཙོས་“སྒོ་ཀུན་ནས་བཞིའི”སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་རྒྱལ་ཡོངས་གོང་འོག་ཚང་མ་བསམ་བློ་གཅིག་ཏུ་གཏོང་བ་དང་། བློ་གྲོས་གཅིག་ཏུ་འདུས་ནས་ཇུས་འདོན་པ། ཤུགས་གཅིག་ཏུ་རྒྱག་པ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་། གོམ་སྟབས་གཅིག་གྱུར་དང་། ཕྱར་བ་གྲུ་འདེགས། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཚེ། མི་དམངས་ཀྱི་འདུན་པ་དེ་དོན་དངོས་སུ་འགྱུར་ཐུབ་ངེས་དང་རླབས་ཆེན་གྱི་ཕུགས་འདུན་དེ་འོད་སྟོང་འཕྲོ་བའི་གྲུབ་འབྲས་སུ་འགྱུར་ཐུབ་ངེས་ཡིན།
         ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།
      

    ཕྱོགས་བསྡུས་གསར་འགྱུར།